ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་རྒྱག་ཐེངས་མི་དུང་ཕྱུར2ལས་བརྒལ་བ་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གཟའ་འཁོར8རིང་ཐེངས་གཉིས་པའི་འགོག་སྨན་རྒྱག་དགོས་པའི་བླང་བྱ་བཏོན།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-04-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་གསར་འགྱུར་མགྲིན་ཚབ་པ་སྨི་ཧྥིན་གྱིས་ཚེས21ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་བཅོས་ལམ་སྲོལ་གྱི་གསར་འགྱུར་ཁྱབ་སྤེལ་ཚོགས་འདུའི་སྟེང་བསྟན་དོན། མིག་སྔའི་བར་དུ། རྒྱལ་ཡོངས་སུ་བསྡོམས་པས་ཐོ་འགོད་བྱས་པའི་པྲོག་གསར་གློ་ཚད་ཀྱི་འགོག་སྨན་བརྒྱབ་པ་མི་ཐེངས་དུང་ཕྱུར2ལས་བརྒལ་ཡོད།

སྨི་ཧྥིན་གྱིས་བཤད་རྒྱུར། མིག་སྔར། རྒྱལ་ཁབ་ཀྱིས་འགོག་སྨན་བགོ་སྤྲོད་བྱེད་སྐབས་སུ་དུས་ལྟར་ཐེངས་གཉིས་པའི་འགོག་སྨན་རྒྱག་པའི་དགོས་མཁོར་བསམ་གཞིགས་བཏང་ཡོད་ལ། ས་ཁུལ་སོ་སོས་གནད་འཁེལ་བགོ་སྤྲོད་བྱས་ཏེ་ཐེངས་གཉིས་པའི་འགོག་སྨན་དེ་གཟའ་འཁོར8རིང་ལེགས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས་པ་དང་། འགོག་སྨན་རྒྱག་ཐེངས་དང་པོ་ལས་རྒྱག་ཐེངས་གཉིས་པ་མེད་པའི་གནས་ཚུལ་བཀག་འགོག་བྱས་ཏེ་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་བཅའ་སྡོད་ལས་དོན་ས་ཚིགས་སོ་སོས་གནད་དོན་འདིའི་ལྟ་སྐུལ་ལ་ཤུགས་སྣོན་རྒྱུ་ཡིན་ཟེར།

གོ་ལ་ཧྲིལ་བོའི་པྲོག་གསར་རིམས་ནད་གཏན་འཁེལ་བྱས་པའི་ནད་པ་བསྟུད་མར་གཟའ་འཁོར8རིང་ཇེ་མང་ལ་སོང་བ་དང་། དེའི་ནང་གཟའ་འཁོར་སྔོན་མར་ནད་པ་ཁྲི526ཇེ་མང་དུ་བས་རིམས་ནད་བྱུང་ཚུན་གྱི་གཟའ་འཁོར་གཅིག་གི་ཆེས་མང་བར་སླེབས་ལ། རིམས་ནད་དེ་ཡང་མུ་མཐུད་དུ་རྒྱུད་འདྲེས་བྱུང་བཞིན་ཡོད་ཞེས་སྨི་ཧྥིན་གྱིས་བཤད་པ་དང་། མུ་མཐུད་དུ་ཕྱི་ནས་ནང་མཆེད་འགོག་པ་དང་ནང་ནས་བྱེར་ཁྱབ་འགོག་པའི་དུས་མཚུངས་སུ། མགྱོགས་མྱུར་ངང་འགོག་སྨན་རྒྱག་པར་སྐུལ་འདེད་བཏང་སྟེ། འགོག་སྨན་རྒྱག་དགོས་པ་ཐམས་ཅད་ལ་བརྒྱབ་ནས་མི་རང་ཉིད་ཀྱི་འགོག་སྲུང་ལེགས་པོར་སྒྲུབ་དགོས་པར་བསྟན། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།