ཀྲུང་གོ་བོད་ཀྱི་དྲ་བ།

དུས་ཚིགས་དང་པོར་རྒྱལ་ཡོངས་ནོར་སྲིད་ཡོང་སྒོ་སླར་གསོ་རང་བཞིན་གྱི་འཕར་སྣོན་བྱུང་།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-04-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནོར་སྲིད་པུའུ་ཡིས་ཚེས21ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། དུས་ཚིགས་དང་པོར། རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་བའི་སྔོན་རྩིས་ཡོང་སྒོ་སྒོར་དུང་ཕྱུར57115ལ་སླེབས་ཤིང་། དུས་མཉམ་ལས24.2འཕར་ཞིང་། 2019ལོའི་དུས་མཉམ་ལས6.4འཕར་བ་དང་། ལོ་གཉིས་ནང་ཆ་སྙོམས་ཀྱིས3.2འཕར།

ནོར་སྲིད་པུའུ་ཡི་འབྲེལ་ཡོད་འགན་ཁུར་བས་མཚམས་སྦྱོར་བྱས་པ་ལྟར་ན། དུས་ཚིགས་དང་པོར་རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་བའི་སྔོན་རྩིས་ཡོང་སྒོ་སླར་གསོ་རང་བཞིན་གྱི་འཕར་སྣོན་བྱུང་ཞིང་། སྔོན་དཔག་དུས་སྐབས་དང་མཐུན་པ་དང་། གཙོ་བོ་དཔལ་འབྱོར་རྒྱུན་མཐུད་གཏན་འཇགས་སླར་གསོའི་སྟེངPPIའཕར་ཚད་རྒྱ་བསྐྱེད་ཡོད། དེ་མིན་གཞི་གྲངས་ལས་མངོན་པ་ལྟར་ན། དུས་ཚིགས་དང་པོར་རྒྱལ་ཡོངས་སྲིད་གཞུང་རང་བཞིན་གྱི་སྔོན་རྩིས་ཡོང་སྒོ་སྒོར་དུང་ཕྱུར18605ཡིན་ཞིང་། དུས་མཉམ་ལས47.9འཕར་བ་དང་། རྒྱལ་ཡོངས་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་འགྲོ་གྲོན་སྒོར་དུང་ཕྱུར17331ཡིན་ཞིང་། དུས་མཉམ་ལས12.2མར་ཆག་ཡོད།   །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།