དུས་ཚིགས་དང་པོར་རྒྱལ་ཡོངས་ཀྱི་ནོར་སྲིད་ཡོང་སྒོ་དུས་མཉམ་ལས24.2%འཕར་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནོར་སྲིད་པུའུ་ཡིས་ཚེས21ཉིན་ཁྱབ་བསྒྲགས་བྱས་པའི་དུས་ཚིགས་དང་པོའི་ནོར་སྲིད་ཡོང་སྒོའི་གནས་ཚུལ་ལྟར་ན། རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་བའི་སྔོན་རྩིས་ཡོང་སྒོ་སྒོར་དུང་ཕྱུར57115ལ་སླེབས་པ་དང་། དུས་མཉམ་ལས24.2%འཕར། དེ2019ལོ་དང་བསྡུར་ན་དུས་མཉམ་ལས6.4%འཕར་བ་དང་། ལོ་གཉིས་ལ་ཆ་སྙོམས་ཀྱིས3.2%འཕར་ཡོད། ནོར་སྲིད་པུའུ་ཡི་འབྲེལ་ཡོད་འགན་འཁུར་མི་སྣས་བཤད་རྒྱུར། ནོར་སྲིད་ཡོང་སྒོ་སླར་གསོ་རང་བཞིན་གྱི་འཕར་སྣོན་བྱུང་ཡོད་ཟེར།

དུས་ཚིགས་དང་པོར། རྒྱལ་ཡོངས་ཀྱི་ཁྲལ་བསྡུ་ཡོང་སྒོ་དུས་མཉམ་ལས24.8%འཕར་བ་དང་དེ2019ལོའི་དུས་མཉམ་དང་བསྡུར་ན4.3%འཕར་ཡོད། དེའི་ཁྲོད། རྒྱལ་ནང་གི་ཐང་འཕར་དཔྱ་ཁྲལ་དུས་མཉམ་ལས23.9%འཕར་ཡོད། རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་བའི་སྔོན་རྩིས་འགྲོ་གྲོན་སྒོར་དུང་ཕྱུར58703ལ་སླེབས་ཏེ་དུས་མཉམ་ལས6.2%འཕར་ཡོད། “འགན་སྲུང་གསུམ”སོགས་གཙོ་གནད་འགྲོ་གྲོན་གྱི་འཕར་ཚད་ཅུང་མགྱོགས་པ་དང་། དེའི་ཁྲོད་སློབ་གསོ་དང་‘ འཕྲོད་བསྟེན་བདེ་ཐང་། སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་བཅས་ཀྱི་འགྲོ་གྲོན་སོ་སོར13.8%དང་། 8.3%། 6.1%བཅས་འཕར་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།