པའོ་ཝའོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི་ཉིས་སྟོང་ཉེར་གཅིག་ལོའི་ལོ་ཚོགས་ཚོགས་མགོ་བརྩམས་པའི་མཛད་སྒོ་ཧེ་ནན་པའོ་ཝའོ་ནས་བསྡུས་པ་དང་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།

༡.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། པའོ་ཝའོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི2021ལོའི་ལོ་ཚོགས་ཚོགས་མགོ་བརྩམས་པའི་མཛད་སྒོ་ཚེས20ཉིན་གྱི་སྔ་དྲོར་ཧེ་ནན་པའོ་ཝའོ་ནས་བསྡུས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྙན་རིས་ཀྱི་ལམ་ནས་ཁ་ཡིག་ལ་དཀའ་ཁག་མཉམ་སེལ་བྱས་ཏེ་ལས་སྐལ་དང་མ་འོངས་པ་མཉམ་སྐྲུན་བྱེད་དགོས་ཞེས་པའི་གསུང་བཤད་གནང་།

པའོ་ཝའོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི་ཉིས་སྟོང་ཉེར་གཅིག་ལོའི་ལོ་ཚོགས་ཚོགས་མགོ་བརྩམས་པའི་མཛད་སྒོ་ཚེས་ཉི་ཤུ་ཉིན་གྱི་སྔ་དྲོར་ཧེ་ནན་པའོ་ཝའོ་ནས་བསྡུས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྙན་རིས་ཀྱི་ལམ་ནས་ཁ་ཡིག་ལ་དཀའ་ཁག་མཉམ་སེལ་བྱས་ཏེ་ལས་སྐལ་དང་མ་འོངས་པ་མཉམ་སྐྲུན་བྱེད་དགོས་ཞེས་པའི་གསུང་བཤད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། པའོ་ཝའོ་ཨེ་ཤ་ཡའི་གླེང་སྟེགས་བཙུགས་ནས་ལོ20རིང་ལ། ཀྲུང་གོ་དང་ཨེ་ཤ་ཡ། འཛམ་གླིང་བཅས་བརྒྱུད་མྱོང་བའི་སྤྱིར་བཏང་མ་ཡིན་པའི་ལོ་རྒྱུས་འཕེལ་རིམ་བདེན་དཔང་བྱས་པ་དང་། ཨེ་ཤ་ཡ་དང་འཛམ་གླིང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཤུགས་རྐྱེན་ནུས་ཤུགས་དང་སྐུལ་སྤེལ་ནུས་ཤུགས་ཆེན་པོ་བཏོན། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤ་ཡ་དང་འཛམ་གླིང་གི་རྒྱལ་ཁབ་སོ་སོས་དུས་རབས་ཀྱི་རེ་འབོད་དང་ལེན་བྱས་ཏེ་རིམས་ནད་མཉམ་སེལ་བྱེད་པ་དང་འཛམ་གླིང་གི་བཅོས་སྐྱོང་ལ་ཤུགས་བསྣན་ནས། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་གསར་སྐྲུན་བྱེད་པའི་ཕྱོགས་སུ་མུ་མཐུད་དུ་མདུན་སྐྱོད་བྱེད་དགོས་ཞེས་པའི་གྲོས་མགོ་བཏོན་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། 2021ལོ་ནི་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་བརྒྱ་ལོན་པའི་ལོ་ཡིན། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་ལ་འཆར་འགོད་བྱས་པ། འཛམ་གླིང་གི་སྤྱི་སྙོམས་ཆེན་པོར་བརྩོན་ལེན་བྱས། ཀྲུང་གོས་མུ་མཐུད་དུ་འཛམ་གླིང་ཞི་བདེ་ཡི་འཛུགས་སྐྲུན་མཁན་དང་འཛམ་གླིང་གི་འཕེལ་རྒྱས་ཐད་ལ་བྱས་རྗེས་འཇོག་མཁན། རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོབ་མཁན་བཅས་བྱེད་ངེས་ཡིན། ཀྲུང་གོས་དུས་དང་རྣམ་པ་ཀུན་ཏུ་ཞི་བདེ་དང་འཕེལ་རྒྱས། མཉམ་ལས། མཉམ་རྒྱལ་བཅས་ཀྱི་དར་ཆ་མཐོན་པོར་སྒྲེང་ནས་ཧུར་ཐག་སྒོས་རྣམ་པ་གསར་བའི་རྒྱལ་སྤྱིའི་འབྲེལ་བ་གསར་སྐྲུན་བྱེད་པར་སྐུལ་འདེད་གཏོང་ངེས་ཡིན། ཀྲུང་གོ་ཧུར་ཐག་སྒོས་ཉོ་ཚོང་དང་དངུལ་གཏོང་ཁྱབ་ཁོངས་ཀྱི་སྣ་མང་མཉམ་ལས་ཁྲོད་ཞུགས་ཏེ། ཧེ་ནན་རང་མོས་ཉོ་ཚོང་གྲུ་ཁའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། སྔར་ལས་ཆུ་ཚད་མཐོ་བའི་སྒོ་འབྱེད་རང་བཞིན་གྱི་དཔལ་འབྱོར་སྒྲིག་སྲོལ་གསར་བ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་ངེས་ཡིན། ཕྱོགས་སོ་སོས་ཀྲུང་གོའི་ཚོང་རའི་གོ་སྐབས་ཆེན་པོ་ལོངས་སུ་སྤྱོད་པར་དགའ་བསུ་ཞུ་བ་ཡིན་ཟེར། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།