ཀྲུང་གོ་བོད་ཀྱི་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་དང་པེ་ཅིང་སློབ་ཆེན་གཉིས་ཀྱིས་ཕྱོགས་ཡོངས་ནས་འཐབ་ཇུས་མཉམ་ལས་བྱ་རྒྱུ་ཡིན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-04-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞིན་ཧྭ་གསར་འགྱུར་ཁང་དང་པེ་ཅིང་སློབ་ཆེན་གཉིས་ཀྱིས་ཚེས20ཉིན་འཐབ་ཇུས་མཉམ་ལས་ཀྱི་གྲོས་གཞི་སྟེང་མི་རྟགས་བཀོད། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་ཀྱི་གནད་སའི་དངོས་བཤེར་ཁང་དང་ཚན་ཞིབ་སྟེགས་བུ་དང་གྲུབ་འབྲས་སྤོ་བསྒྱུར། འཇོན་མི་སྐྱེད་སྲིང་། རིག་མཛོད་འཛུགས་སྐྲུན་བཅས་ཀྱི་ཕྱོགས་ལ་མཉམ་ལས་བྱས་ཏེ་རྒྱལ་ཁབ་ཀྱི་འཕྲིན་གཏོང་གསར་འགྱུར་ཁང་དེ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་དང་པེ་ཅིང་སློབ་ཆེན་གྱི་གསར་སྐྲུན་བྱེད་ནུས་ཇེ་དྲག་ཏུ་གཏོང་བར་སྐུལ་འདེད་གཏོང་རྒྱུ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་མགོ་གཙོའམ་སྤྱི་ཁྱབ་རྩོམ་སྒྲིག་པ་ཧོ་ཕིན་གྱིས་པེ་ཅིང་སློབ་གྲྭ་ཆེན་མོའི་ཏང་ཨུའི་ཧྲུའུ་ཅི་ཆིའུ་ཧྲུའེ་ཕིན་གཉིས་ཀྱིས་ཕྱོགས་གཉིས་ཀྱི་མཉམ་ལས་གཏིང་ཟབ་དུ་སྤེལ་བར་བསམ་བློ་བརྗེ་རེས་བྱས་པ་མ་ཟད། པེ་ཅིང་སློབ་ཆེན་གྱི་སློབ་གཙོ་ཧའོ་ཕིན་དང་མཉམ་དུ“སྨྱན་བྱད་མཉམ་བསྲེས་ཀྱི་ཐོན་སྐྱེད་ལག་རྩལ་དང་རྒྱལ་ཁབ་ཀྱི་གནད་སའི་དངོས་བཤེར་ཁང”གི་སྒོ་ཡོལ་ཕྱེས། དེ་མིན་ཕྱོགས་གཉིས་ཀྱི་འབྲེལ་ཡོད་མགོ་ཁྲིད་ཀྱིས་འཐབ་ཇུས་མཉམ་ལས་གྲོས་གཞི་སྟེང་མིང་རྟགས་བཀོད།

མཉམ་ལས་གྲོས་གཞི་ལྟར་ན། ཕྱོགས་གཉིས་ཀྱིས་སྔོན་ཐོན་གྱི་ལག་རྩལ་གསར་སྤེལ་དང་སྨྱན་བྱད་མཉམ་སྒྲིལ་གྱི་ལག་ལེན་གྱིས་ལམ་ཕྱོགས་ལ་ཁྲིད་སྟོན།  སྤྱི་ཚོགས་ཞབས་ཞུ་བཅས་ཀྱི་ཐད་ལ་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས“སྨྱན་བྱད་མཉམ་འདྲེས་ཀྱི་ཐོན་སྐྱེད་ལག་རྩལ་དང་རྒྱལ་ཁབ་ཀྱི་གནད་སའི་དངོས་བཤེར་ཁང”འཛུགས་སྐྲུན་དང་། སྨྱན་བྱད་དང་ཟོང་རྟགས་བྱ་འགུལ། འཇོན་མི་སྐྱེད་སྲིང་། རིག་མཛོད་འཛུགས་སྐྲུན། འཐབ་ཇུས་འདྲི་རྩད། མི་སྣ་བརྗེ་རེས་བཅས་ཀྱི་ཐད་ལ་ཡུན་རིང་གི་མཉམ་ལས་དམ་ཟབ་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།