ཟླ4བའི་ཚེས20ཉིན་ཡུན་ནན་དུ་རང་སའི་པྲོག་གསར་ནད་པ2གསར་སྣོན་བྱུང་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡུན་ནན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཟླ4པའི་ཚེས21ཉིན་སྤྱི་བསྒྲགས་བྱས་དོན། ཚེས20ཉིན་གྱི་ཆུ་ཚོད0ནས་ཆུ་ཚོད24བར་དུ། ཡུན་ནན་ཞིང་ཆེན་དུ་རང་སའི་པྲོག་གསར་གློ་ཚད་རིམས་ནད་ཕོག་པའི་ནད་པ2གསར་སྣོན་བྱུང་བ་དང་། དེ་གཉིས་ནི་རུའེ་ལི་གྲོང་ཁྱེར་གྱི་གཙོ་གནད་མི་ཚོགས་ལ་ཉིང་བསྐྱུར་ཚད་འཇལ་བརྟག་བཤེར་ཁྲོད་བྱུང་བ་རེད། ནད་རྟགས་ཐག་བཅད་པའི་ནད་པ་སྨན་ཁང་ལས་ཕྱིར་བུད་པ11(ཚང་མ་རང་སའི་ནད་པ་ཡིན)ཡོད་པ་དང་། ནད་རྟགས་མེད་པའི་ནད་པ་གསོ་རིག་ལྟ་ཞིབ་ལས་གྲོལ་བ1(རང་སའི་ནད་པ)ཡོད། 

ཟླ4པའི་ཚེས20ཉིན་གྱིི་ཆུ་ཚོད24བར་དུ། ཡུན་ནན་ཞིང་ཆེན་དུ་ནད་རྟགས་ཐག་བཅད་པའི་ནད་པ67(ཕྱི་ནས་མཆེད་པའི་ནད་པ6དང་རང་སའི་ནད་པ61)དང་། ནད་རྟགས་མེད་པའི་ནད་པ13(ཚང་མ་རང་སའི་ནད་པ་ཡིན)ཡོད་པ་དང་། ཚང་མ་སྨན་བཅོས་ལས་ཁུངས་སུ་ལོགས་བཀར་གསོ་བཅོས་དང་གསོ་རིག་ལྟ་ཞིབ་བྱེད་བཞིན་ཡོད། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།