ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གི་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་རྒྱུན་མཐུད་སྐུལ་འདེད་གཏོང་བའི་སྐོར་གླེང་བ་ཞེས་པའི་དཔེ་དེབ་ཀྱི་ཨུ་རུ་སིའི་ཡི་གེའི་པར་གཞི་དེ་ཉེ་ལམ་ཀྲུང་དབྱང་སྒྲིག་སྒྱུར་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-04-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་ཡིག་བསྒྱུར་བྱས་པའི་ཞི་ཅིན་ཕིང་གི་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་རྒྱུན་མཐུད་སྐུལ་འདེད་གཏོང་བའི་སྐོར་གླེང་བ་ཞེས་པའི་དཔེ་དེབ་ཀྱི་ཨུ་རུ་སིའི་ཡི་གེའི་པར་གཞི་དེ་ཉེ་ལམ་ཀྲུང་དབྱང་སྒྲིག་སྒྱུར་དཔེ་སྐྲུན་ཁང་གི་པར་སྐྲུན་འགྲེམ་སྤེལ་བྱས།

ཞི་ཅིན་ཕིང་གི་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་རྒྱུན་མཐུད་སྐུལ་འདེད་གཏོང་བའི་སྐོར་གླེང་བ་ཞེས་པའི་དཔེ་དེབ་དེ་ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པ་དང་།    འདིའི་ནང་བློ་མཐུན་ཞི་ཅིན་ཕིང་གི་མིའི་རིགས་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་པར་རྒྱུན་མཐུད་སྐུལ་འདེད་གཏོང་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་གྱ་ལྔ་བསྡུས་ཡོད།

དཔེ་དེབ་དེའི་ཨུ་རུ་སུའི་ཡི་གེའི་པར་གཞི་དང་དེའི་སྔོན་ལ་པར་སྐྲུན་བྱས་པའི་དབྱིན་ཡིག་དང་ཧྥ་རན་སུའི་ཡི་གེ   འཇར་པན་གྱི་ཡི་གེའི་པར་གཞི་བཅས་ལ་ཕྱི་རྒྱལ་གྱི་ཀློག་པ་པོ་དག་གིས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་ལ་ཤེས་རྟོགས་དང་།  ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པའི་ཕུན་སུམ་ཚོགས་པའི་དོན་སྙིང་དང་རང་རྒྱལ་གྱི་ཕྱི་འབྲེལ་བྱེད་ཕྱོགས་དང་སྲིད་ཇུས་སོགས་ལ་ཤེས་རྟོགས་གཏིང་ཟབ་བྱེད་པར་དོན་སྙིང་གལ་ཆེན་ལྡན་པ་ཡིན།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།