ཀྲུང་དབྱང་ལྟ་ཞིབ་ཚན་ཆུང་བཅོ་ལྔ་བ་མཚོ་ནུབ་དང་ཡུས་ཧྲུའུ། མགོ་ལོག་བཅས་ལ་སོང་ནས་ལྟ་སྐུལ་མཛུབ་སྟོན་སྤེལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ4པའི་ཚེས15ཉིན་ནས་ཚེས་བཅུ་བདུན་ཉིན་བར། རྒྱལ་ཡོངས་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་བཅོས་སྐྱོང་ཀྲུང་དབྱང་ལྟ་ཞིབ་ཚན་ཆུང་བཅོ་ལྔ་བའི་མཚོ་སྔོན་ཚན་ཆུང་གིས་ཚན་གཙོ་ཁྲིན་ཧའོ་དང་ཚན་གཙོ་གཞོན་པ་བློ་མཐུན་མཱ་ཀྲིན་ཆི་གཉིས་ཀྱི་མཆན་བཀོད་མཛུབ་སྟོན་དང་རེ་བ་ལྟར། བྱ་བའི་ཚན་ཆུང་གསུམ་ལ་བགོས་ནས་སོ་སོར་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་བཅས་ལ་སོང་ནས་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་བཅོས་སྐྱོང་ལྟ་ཞིབ་བྱ་བ་སྤེལ།

ལྟ་སྐུལ་མཛུབ་སྟོན་བྱེད་སྐབས། བྱ་བའི་ཚན་ཆུང་གིས་གོང་གསལ་གྱི་ས་ཁུལ་གྱི་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་བཅོས་སྐྱོང་སྐོར་ཐེངས་དང་པོའི་བྱ་བ་སྤེལ་བའི་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན་པ་མ་ཟད། ཞིང་ཆེན་བཅའ་སྡོད་བྱེད་སའི་མཛུབ་ཁྲིད་ཚན་ཆུང་དང་གཞི་རིམ་སྲིད་ཁྲིམས་སྡེ་ཁག་ལ་སོང་ནས། བཞུགས་མོལ་དང་གླེང་མོལ། ཡིག་ཆ་བལྟ་ཀློག ཡུལ་དངོས་ལྟ་ཞིབ། སྲིད་ཁྲིམས་ལས་ཁུངས་ཀྱི་བློ་མཐུན་དང་བརྗེ་རེས་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་དེ། སློབ་གསོ་བཅོས་སྐྱོང་བྱ་བ་སྤེལ་བའི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པ་དང་། སྐོར་ཐེངས་དང་པོའི་སློབ་གསོ་བཅོས་སྐྱོང་ཐད་ནས་འགོ་བཟང་བོ་བརྩམས་པར་ཁས་ལེན་གང་ལེགས་བྱས་པ་དང་། དག་བཅོས་ཞིབ་བཤེར་དང་དག་ཐེར་ལེགས་བཅོས་གཏིང་ཟབ་ཏུ་སྤེལ་བའི་ཐད་ནས་ལྟ་སྐུལ་མཛུབ་སྟོན་གྱི་གྲོས་གཞི་གསལ་བོ་བཏོན།

བྱ་བའི་ཚན་ཆུང་གིས་བསྟན་དོན། སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་བཅོས་སྐྱོང་བྱ་བ་སྤེལ་བ་ནི། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བཏོན་པའི་རེ་བ་གསར་བ་དང་མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་བ། སྲིད་ཁྲིམས་འཐབ་ཕྱོགས་ཀྱི་རང་ཉིད་གསར་བརྗེའི་རེ་བ་གསར་བ་དང་། སྲིད་ཁྲིམས་ལས་ཁུངས་ཀྱིས་དུས་རབས་གསར་བའི་འགན་འཁྲི་ཕྲག་ཏུ་ལེན་པར་ཁག་ཐེག་བྱེད་པ་དང་། སྲིད་ཁྲིམས་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ཟབ་མོ་བྱེད་པ་དང་། གཙོ་གཞི་འགན་འཁྲི་དང་ཐད་ཀར་གྱི་འགན་འཁྲི། མཉམ་ལས་འགན་འཁྲི། མཛུབ་ཁྲིད་ལྟ་སྐུལ་གྱི་འགན་འཁྲི་གཏན་ཁེལ་གསལ་བོ་བྱས་ཏེ། སྤུས་ཚད་མཐོན་པོ་དང་ཚད་གཞི་མཐོན་པོས་སློབ་གསོ་བཅོས་སྐྱོང་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས་ཟེར།

བྱ་བའི་ཚན་ཆུང་གིས་ནན་གྱིས་བསྟན་དོན། སློབ་སྦྱོང་སློབ་གསོ་དམ་འཛིན་བྱེད་པ་དང་། སློབ་སྦྱོང་སློབ་གསོ་སློབ་གསོ་བཅོས་སྐྱོང་གི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་པ། ཆབ་སྲིད་ཀྱི་ལྷག་བསམ་བརྟན་པོ་བཙུགས་ནས། དག་བཅོས་ཞིབ་བཤེར་དང་དག་ཐེར་ལེགས་བཅོས་ཀྱི་བསམ་བློའི་རང་རྟོགས་ཇེ་དྲག་ཏུ་གཏོང་དགོས། རང་བཤེར་རང་བསྲང་དམ་འཛིན་བྱེད་པ་དང་། མང་ཤས་ལ་སློབ་གསོ་གཏོང་བ་དང་ཉུང་ཤས་ལ་ཆད་གཅོད་བྱས་ནས། ཆབ་སྲིད་ཀྱི་གྲུབ་འབྲས་དང་སྒྲིག་ལམ་བཅའ་ཁྲིམས་ཀྱི་གྲུབ་འབྲས། སྤྱི་ཚོགས་ཀྱི་གྲུབ་འབྲས་བཅས་གཅིག་གྱུར་བྱེད་དགོས། ཁུངས་སྣེ་སྒྲུབ་པ་དང་རྩ་འཛུགས་ཞིབ་གཅོད་ལ་དོ་སྣང་བྱེད་པ་དང་། ཁུངས་སྣེའི་ལམ་བུ་རྒྱ་སྐྱེད་པ། ཞིབ་བཤེར་རྩད་གཅོད་ཀྱི་གཙོ་གནད་འབུར་དུ་ཐོན་པར་བྱས་ཏེ། སྲིད་ཁྲིམས་དཔུང་སྡེའི་བདེ་ཐང་ལ་སྲུང་སྐྱོབ་བྱེད་དགོས། རྩ་འཛུགས་འགོ་ཁྲིད་དམ་འཛིན་བྱེད་པ་དང་། འགན་འཁྲི་མ་ལག་ལག་བསྟར་བྱེད་པ། གཅིག་གྱུར་འཆར་འགོད་དང་ཟུང་འབྲེལ་བྱ་བ་བཟང་བོར་བསྒྲུབ་པ། བྱ་བའི་མཉམ་ལས་ལ་ཤུགས་བསྣན་ནས། བྱ་བའི་མཉམ་ཤུགས་གྲུབ་པར་བྱེད་དགོས་ཟེར།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།