ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱིས་རྒྱལ་སྤྱིའི་སྟེང་གཞི་ཁྱོན་ཆེས་ཆེ་བའི5Gསྤོ་འགུལ་དྲ་རྒྱ་བཙུགས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-04-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་པུའུ་ཀྲང་གཞོན་པ་ལིའུ་ལེ་ཧུང་གིས་ཚེས19ཉིན་རྒྱལ་ཁབ་གསར་འགྱུར་གཞུང་སྒྲུབ་ཁང་གིས་བསྡུས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་སྲིད་ཇུས་ཀྱི་འཆར་ཅན་བརྡ་གཏོང་ཚོགས་འདུའི་སྟེང་། རང་རྒྱལ་གྱིས་རྒྱལ་སྤྱིའི་སྟེང་གཞི་ཁྱོན་ཆེས་ཆེ་བའི་ཆ་འཕྲིན་འཕྲིན་གཏོང་དྲ་རྒྱ་འཛུགས་པར་བཤད། མིག་སྔར། རང་རྒྱལ་དུ་གཏན་འཇགས་དྲ་ཡངས་དང་སྤོ་འགུལ་དྲ་རྒྱ་སྤྱོད་པའི་སྤྱོད་སྣེ་ཕན་ཚུན་བར་གྱི་དྲ་རྒྱའི་མྱུར་ཚད་ལོ་ལྔ་ནང་ལྡབ7ལྷག་འཕར་ཡོད། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས་བསྟན་དོན། རང་རྒྱལ་གྱིས་ཆེས་ཐོག་མར་རྒྱལ་སྤྱིའི་སྟེང་གཞི་ཁྱོན་ཆེས་ཆེ་བའི5Gསྤོ་འགུལ་དྲ་རྒྱ་བཙུགས་པས5Gཅན་གྱི་ལག་ཁྱེར་ཁ་པར་འབྲེལ་ཚད་དུང་ཕྱུར2.6ལ་སླེབས། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།