ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་ཏང་གི་སློབ་གྲྭས(རྒྱལ་ཁབ་སྲིད་འཛིན་སློབ་གླིང)པེ་ཅིང་དུ་སྐབས་དང་པོའི་ཀྲུང་གུང་ཏང་གི་ལོ་རྒྱུས་མཐོ་རིམ་གླེང་སྟེགས་བསྡུས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-04-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བ་དང་། ཏང་ཡོངས་ཀྱི་གོང་འོག་བར་གསུམ་གྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྐུལ་འདེད་གཏོང་བའི་ཚ་རླབས་འོག  ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)ཀྲུང་གུང་ཏང་གི་ལོ་རྒྱུས་སློབ་དཔྱོད་པུའུ་ཡིས་གཙོ་སྒྲུབ་བྱས་པའི་སྐབས་དང་པོའི་ཀྲུང་གུང་ཏང་གི་ལོ་རྒྱུས་མཐོ་རིམ་གླེང་སྟེགས་ཉེ་ཆར་པེ་ཅིང་དུ་བསྡུས། སྐབས་འདིའི་གླེང་སྟེགས་ཀྱི་བརྗོད་དོན་ནི“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་ལོ་རྒྱུས་ཀྱི་གཞུང་ལུགས་གལ་ཆེན་སྐོར་གྱི་ཞིབ་བརྗོད་ལ་སློབ་སྦྱོང་བྱེད་པ”དེ་ཡིན།

ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)ལས་བགོས་ཉིན་རྒྱུན་བྱ་བའི་སློབ་གཙོ་གཞོན་པ་ལིའི་ཧྲུའུ་ལའེ་ཡིས་ཤིས་ཚིག་ཁྲོད་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་ལོ་རྒྱུས་སྐོར་གྱི་གཞུང་ལུགས་ཞིབ་བརྗོད་གལ་ཆེན་དེ་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ཏང་གི་ལོ་ངོ་བརྒྱའི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པར་ཚན་རིག་གི་ལོ་རྒྱུས་ལྟ་བ་དང་བྱེད་ཐབས་མཁོ་འདོན་བྱས་པ་ཡིན་ཞིང་། ཏང་གི་སློབ་གྲྭས(རྒྱལ་ཁབ་སྲིད་འཛིན་སློབ་གླིང)ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་ཏང་གི་ལོ་རྒྱུས་སློབ་དཔྱོད་ལ་ཚན་རིག་གི་ཕྱོགས་སྟོན། བསམ་བློའི་དྲག་ཆས་མཁོ་འདོན་བྱས་པ་ཡིན། ཏང་གི་སློབ་གྲྭས(རྒྱལ་ཁབ་སྲིད་འཛིན་སློབ་གླིང)མ་ལག་ལྡན་པའི་སྒོ་ནས་ཏང་གི་ལོ་རྒྱུས་བསླབ་གཞི་ཚན་རིག་ཞིབ་འཇུག་དང་ཏང་གི་ལོ་རྒྱུས་ཀྱི་སློབ་ཁྲིད་ཁ་བསྣོན། ཏང་གི་ལོ་རྒྱུས་རྒྱུ་ཆ་བསྡུ་སྒྲིག་བྱེད་པར་མཐོང་ཆེན་བྱས་ཏེ། ཏང་གི་ལོ་རྒྱུས་ཞིབ་འཇུག་དང་། ཏང་གི་ལོ་རྒྱུས་རིག་ཚན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། ཏང་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཐད་བྱས་རྗེས་འཇོག་དགོས་ཞེས་བསྟན། 

ཚོགས་ཞུགས་ཆེད་མཁས་པས་གཅིག་མཐུན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་ལོ་རྒྱུས་ཀྱི་གཞུང་ལུགས་གལ་ཆེན་སྐོར་གྱི་ཞིབ་བརྗོད་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། ང་ཚོས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་ཞིབ་འཇུག་བྱེད་པར་རྩ་བའི་བརྩི་སྲུང་དང་ཕྱོགས་སྟོན་མཁོ་འདོན་བྱས་པ་མ་ཟད། ང་ཚོར་ཏང་གི་ལོ་རྒྱུས་ལ་ཡང་དག་པའི་ལྟ་བ་ཆགས་པར་ཚན་རིག་གི་ཕྱོགས་སྟོན་དང་། ཏང་གི་ལོ་རྒྱུས་ཞིབ་འཇུག་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་ཡོད་པར་འདོད།  །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།