ཟླ4པའི་ཚེས19ཉིན་ཡུན་ནན་དུ་པྲོག་གསར་གློ་ཚད་ཐག་བཅད་པའི་རང་སའི་ནད་པ1འཕར་སྣོན་བྱུང་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡུན་ནན་ཞིང་ཆེན་འཕྲོད་བསྟེན་དང་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཟླ4པའི་ཚེས20ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཚེས19ཉིན་གྱི་དུས་ཚོད0ནས24བར་ཡུན་ནན་དུ་པྲོག་གསར་གློ་ཚད་ཐག་བཅད་པའི་རང་སའི་ནད་པ1འཕར་སྣོན་བྱུང་། དེ་ནི་རའེ་ལི་གྲོང་ཁྱེར་གྱི་གནད་སའི་མི་ཚོགས་ལ་ཉིང་སྐྱུར་ཞིབ་བཤེར་བྱེད་སྐབས་གསར་རྙེད་བྱུང་བ་ཡིན། ནད་རྟགས་ཐག་བཅད་པའི་ནད་པའི་ཁྲོད་ནད་པ5དྲག་སྐྱེད་བྱུང་སྟེ་སྨན་ཁང་ལས་ཕྱིར་བུད་པ་དང་ནད་རྟགས་མེད་པའི་ལོག་བཀར་ནད་པ1གསོ་རིག་ལྟ་ཞིབ་ལས་གྲོལ། 

ཟླ4པའི་ཚེས19ཉིན་གྱི་དུས་ཚོད24བར་ཡུན་ནན་དུ་ནད་རྟགས་ཐག་བཅད་ཡོད་པའི་ད་ཡོད་ནད་པ76ཡོད(རྒྱལ་ཁོངས་ཕྱིའི་ནད་པ6དང་རང་སའི་ནད་པ70ཡོད)ལ། ནད་རྟགས་མེད་པའི་ནད་པ14(ཚང་མ་རང་སའི་ནད་པ་རེད)བཅས་ཡོད་པ་ཚང་མ་གཏན་ཁེལ་བྱས་པའི་སྨན་བཅོས་སྡེ་ཁག་ཏུ་ལོག་བཀར་སྨན་བཅོས་དང་གསོ་རིག་ལྟ་ཞིབ་བྱེད་བཞིན་འདུག །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།