ཀྲུང་གོ་བོད་ཀྱི་དྲ་བ།

ས་ཁུལ་སོ་སོའི་ཆུ་བེད་བཟོ་སྐྲུན་སྒྲིག་ཆས་ཞིག་གསོ་ཐད་ལ་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར91དངོས་འབེབས་བྱས།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-04-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཉེ་སྔོན་ཆུ་བེད་པུའུ་ནས་རྒྱུས་ལོན་པ་ལྟར་ན། ཟླ4པའི་ཚེས1ཉིན་ནས་བཟུང་། རང་རྒྱལ་ནི་ཆུ་རྒྱས་པའི་དུས་སྐབས་སུ་སླེབས་ཤིང་། ཆུ་ལོག་སྔོན་འགོག་བྱ་བ་ནི་ད་ལྟ་སྤེལ་བཞིན་པའི་སྒང་ཡིན། མཚམས་སྦྱོར་བྱས་པ་ལྟར་ན། ཆུ་བེད་པུའུ་ཡིས་དུས་ལྟར་ས་ཁུལ་གྱི་ཆུ་བེད་བཟོ་སྐྲུན་སྒྲིག་ཆས་ཞིག་གསོ་བྱ་བར་བཀོད་སྒྲིག་དང་མཛུབ་སྟོན་བྱས་ལ། ཟླ4པའི་ཚེས15ཉིན་བར་དུ། ཞིང་ཆེན28དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང(པེ་ཅིང་དང་ཐེན་ཅིན། ཧྲང་ཧའེ་བཅས་འདུས་མེད)དུ་བསྡོམས་པས་རིགས་སོ་སོའི་ཞིག་གསོ་མ་དངུལ་སྒོར་དུང་ཕྱུར91དངོས་འབེབས་བྱས་ཤིང་། དེའི་ནང་ཀྲུང་དབྱང་ནོར་སྲིད་ཀྱི་ཆུ་བེད་རྒུད་སྐྱོབ་མ་དངུལ་གྱི་ཁ་གསབ་སྒོར་དུང་ཕྱུར23.1ཚུད་པ་དང་། ཞིག་གསོའི་ལས་གཞི13631དངོས་འབེབས་བྱས་ལ། ཞིག་གསོ་ལེགས་འགྲུབ་བྱེད་ཚད75.73%ལ་སླེབས།

ས་ཁུལ་སོ་སོའི་གནམ་གཤིས་གནས་ཚུལ་དང་ཆུ་རྒྱས་པའི་དུས་སྐབས་སུ་སླེབས་པའི་སྔ་རྗེས་ཀྱི་ཆོས་ཉིད་ལ་གཞིགས་ནས། བཞུར་རྒྱུད་དང་ས་ཁོངས་དབྱེ་ནས་ཞིག་གསོའི་དུས་བཅད་འོས་འཚམ་ངང་གསལ་འབེབས་བྱས་ལ། ཆུ་བེད་པུའུ་ཡིས་ཀྲེ་ཅང་དང་ཧྥུའུ་ཅན། ཧུའུ་ནན། ཀོང་ཏུང་། ཀོང་ཞི། ཧའེ་ནན། ཀོས་ཀྲོའུ་སོགས་ས་ཁུལ་གྱིས་ཟླ4པའི་ཟླ་མཇུག་སྔོན་དང་། ཧྲང་ཧའེ་དང་ཅང་སུའུ། ཨན་ཧུའེ། ཧྲན་ཏུང་། ཧི་ནན། ཧུའུ་པའེ་སོགས་ས་ཁུལ་གྱིས་ཟླ5བའི་ཟླ་མཇུག་སྔོན། པེ་ཅིང་དང་ཐེན་ཅིང་། ཧི་པའེ། ཧྲན་ཞི། ནང་སོག ལེའོ་ཉིང་སོགས་ས་ཁུལ་གྱིས་ཟླ6པའི་ཟླ་མཇུག་སྔོན་དུ་ཆུའི་གཏོར་བརླག་ཞིག་གསོའི་བྱ་བ་ལེགས་འགྲུབ་བྱེད་དགོས་པའི་བླང་བྱ་བཏོན།

ཆུ་བེད་པུའུ་ཡིས་ཆུའི་གཏོར་བརླག་ཞིག་གསོའི་བྱ་བའི་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་བསྣན་པ་དང་། ས་ཁུལ་གྱིས་སྙན་ཞུ་བྱས་པའི2020ལོའི་ཆུའི་གཏོར་བརླག་ཞིག་གསོའི་ལས་གཞི་ལ་གསེད་འདེམས་བསྐྱར་ཞིབ་བྱས་པ་མ་ཟད་ལྟ་སྐུལ་ཞིབ་བཤེར་སྤེལ་བར་རྩ་འཛུགས་བྱས། མིག་སྔའི་བར་དུ། ཆུ་བེད་པུའུ་ལྟ་སྐུལ་ཞིབ་བཤེར་གཞུང་སྒྲུབ་ཁང་དང་འབྲི་ཆུའི་ཆུ་བེད་ཨུ་ཡོན་ལྷན་ཚོགས། མཚོ་ཆུ་ཆུ་བེད་ཨུ་ཡོན་ལྷན་ཚོགས། ཀྲུའུ་ཅང་ཆུ་བེད་ཨུ་ཡོན་ལྷན་ཚོགས། ཐའེ་ཧུའུ་མཚེའུ་མཐའ་འཁོར་དོ་དམ་ཅུའུ་བཅས་ཀྱིས་བྱ་བའི་ཚན་ཆུང5མངགས་ནས། གཙོ་གནད་ཆུ་ལོག་སྔོན་འགོག་བཟོ་སྐྲུན་སྒྲིག་ཆས་ཞིག་གསོའོ་ལས་གཞི་སྐོར་ཞིག་ལ་ཞིབ་བཤེར་བྱས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།