ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧྭ་ཁྲུན་དབྱིན་གྱིས་ཚེས19ཉིན་ཁྱབ་བསྒྲགས་བྱས་དོན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཟླ4པའི་ཚེས20ཉིན་གདན་ཞུ་ལྟར་བརྙན་རིས་ཀྱི་ལམ་ནས་པའོ་ཨའོ་ཨེ་ཤ་ཡ་གླིང་གི་གླེང་སྟེགས2021ལོའི་ལོ་ཚོགས་ཀྱི་མགོ་རྩོམ་མཛད་སྒོར་ཞུགས་རྒྱུ་ཡིན་པ་མ་ཟད་བརྗོད་དོན་གཙོ་བོའི་གཏམ་བཤད་གནང་རྒྱུ་རེད།
ཝུན་ལའེ་ཡི་སུའུ་ཏན་ཧྭ་སང་ན་ཨར་དང་ཀྲི་ལིའི་ཙུང་ཐུང་ཕིས་ཉའེ་ལ། ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙའོ་ཁིའུ། ཧྭ་ས་ཁི་སི་ཐན་གྱི་ཙུང་ཐུང་ཐོག་མ་ན་གྲའར་པ་ཡེ་ཧྥུའུ། ལའོ་ཝུའོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན། ཧན་གོའི་ཙུང་ཐུང་ཝིན་ཙའེ་དབྱིན། སིང་ག་ཕོར་གྱི་ཙུང་ཐུང་ཧྭ་ལི་མ། སི་རུ་ལན་ཁའི་ཙུང་ཐུང་ཀི་ཐ་པ་ཡ། ཡའོ་ནན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་རོན་ཁྲུན་ཧྥུའུ། བྷང་ག་ལའི་ཙུང་ལི་ཧྭ་ཞི་ན། ཇན་ཕུའུ་ཀྲའེ་ཡི་དབུ་བཞུགས་བློན་ཆེན་ཧུང་སིན། མར་ཐའི་ཙུང་ལི་ཨ་པའེ་ལ། མོང་གོལ་རྒྱལ་ཁབ་ཀྱི་ཙུང་ལི་ཨའོ་ཡུང་ཨིར་ཏིན། ནེའུ་ཙི་ལན་གྱི་ཙུང་ལི་ཨ་ཏི་ཨིན། སྐབས་དོན་ལྔ་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་པའོ་ཚི་ཁུ་ཨར། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩའི་རྩ་འཛུགས་ཀྱི་གཙོ་འཛིན་ཀི་ཨོའར་ཅི་ཡེ་ཝ་སོགས་ཕྱི་རྒྱལ་གྱི་མགོ་ཁྲིད་པ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་མི་སྣ་གདན་ཞུ་ལྟར་བརྙན་རིས་ཀྱི་ལམ་ནས་ལོ་ཚོགས་ལ་ཞུགས་རྒྱུ་རེད། །
རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།
ཞི་ཅིན་ཕིང་པའོ་ཨའོ་ཨེ་ཤ་ཡ་གླིང་གི་གླེང་སྟེགས2021ལོའི་ལོ་ཚོགས་ཀྱིི་མགོ་རྩོམ་མཛད་སྒོར་ཞུགས་རྒྱུ་རེད།