ཞི་ཅིན་ཕིང་གིས་ཆིན་ཧྭ་སློབ་ཆེན་གྱི་བྱ་བར་རྟོག་ཞིབ་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཆིན་ཧྭ་སློབ་ཆེན་བཙུགས་ནས་ལོ་འཁོར110ལོན་པའི་བཀྲ་ཤིས་རྟེན་འབྲེལ་གྱི་ཉིན་མོ་ཐོན་ལ་ཉེ་སྐབས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས19ཉིན་གྱི་སྔ་དྲོར་ཆིན་ཧྭ་སློབ་ཆེན་དུ་ཕེབས་ཏེ། སྔ་གཞུག་ཏུ་མཛེས་རྩལ་སློབ་གླིང་དང་། བརྙན་ཕབ་དང་རིག་ནུས་ལག་རྩལ་དངོས་བཤེར་ཁང་། གནད་སའི་སློབ་ཁྲིད་དང་ཚན་ཞིབ་གྲུབ་འབྲས་འགྲེམ་སྟོན། ནུབ་ཀྱི་ལུས་རྩལ་ཁང་བཅས་སུ་སོང་ནས་སློབ་གྲྭས་གཏིང་ཟབ་བཅོས་སྒྱུར་དང་འཇོན་མི་དཔུང་ཁག་འཛུགས་སྐྲུན། སློབ་ཁྲིད་དང་ཚན་རིག་གསར་སྤེལ། རྒྱལ་ཁབ་འཕེལ་རྒྱས་ཐད་ཀྱི་ཞབས་ཞུ་བཅས་ཀྱི་བྱ་བར་རྟོག་ཞིབ་གནང་། དེ་རྗེས་ཞི་ཅིན་ཕིང་གིས་དགེ་སློབ་ཚོ་དང་མཉམ་དུ་གླེང་མོ་བྱས་པ་མ་ཟད་གསུང་བཤད་གལ་ཆེན་གནང་། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།