ཀྲུང་གོ་བོད་ཀྱི་དྲ་བ།

​ཀྲུང་གོ་གསར་བའི་མཁའ་སྐྱོད་ལས་དོན་འཕེལ་རྒྱས་ལ་ལོ་བདུན་ཅུ་ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་ནས་འཚོགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2021-04-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4པའི་ཚེས16ཉིན། ཀྲུང་གོ་གསར་བའི་མཁའ་སྐྱོད་ལས་དོན་འཕེལ་རྒྱས་ལ་ལོ་བདུན་ཅུ་ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་ནས་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཧི་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད།

ལིའུ་ཧི་ཡིས་བཤད་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཁའ་སྐྱོད་ལས་དོན་འཕེལ་རྒྱས་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། ཐེངས་མང་པོར་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་། ང་ཚོས་སློབ་སྦྱོང་དཔྱིས་ཕྱིན་པ་བྱེད་པ་དང་གོ་བ་ཟབ་མོ་ལེན་པ་དང་། རྦད་ཆོད་སྒོས་ལག་བསྟར་དང་དངོས་འབེབས་བྱས་ནས། མཁའ་སྐྱོད་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་མྱུར་དུ་སྐུལ་འདེད་གཏོང་དགོས་ཟེར།

ལིའུ་ཧི་ཡིས་བཤད་དོན། ལོ་བདུན་ཅུའི་རིང་ལ། རང་རྒྱལ་གྱི་མཁའ་སྐྱོད་བཟོ་ལས་དེ་མེད་པ་ནས་ཡོད་པ་དང་ཆུང་བ་ནས་ཆེ་བར་འཕེལ་རྒྱས་བྱུང་ནས་དེང་རབས་མཁའ་སྐྱོད་ཐོན་ལས་མ་ལག་ཆགས་པར་བྱས། གྲུབ་འབྲས་དེ་དག་བླངས་པ་དེ་ཏང་ཀྲུང་དབྱང་གི་ཡང་དག་པའི་མགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཁྱད་སྟོབས། རང་ཚུགས་རང་སྟོབས་དང་མ་ལག་གསར་སྐྲུན་རྒྱུན་འཁྱོངས་བྱས་པ་དང་། དེ་མིན་མི་རབས་འགའི་མཁའ་སྐྱོད་པའི་འགྱུར་མེད་སྙིང་སྟོབས་ལ་རག་ལས་ཡོད། འཕེལ་རྒྱས་ཀྱི་དུས་སྐབས་གསར་བར་རང་རྒྱལ་གྱི་མཁའ་སྐྱོད་ལས་དོན་གྱི་འཕེལ་རྒྱས་གོ་སྐབས་དང་འགྲན་རྩོད་མཉམ་གནས་བྱས་ཡོད་པས། ངེས་པར་དུ་དཀའ་ཁག་ཁྱད་སེལ་དང་སྤོབས་པ་ཆེན་པོས་མདུན་སྐྱོད་བྱས་ནས། མཁའ་སྐྱོད་ལས་དོན་འཕེལ་རྒྱས་ཐད་ལ་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས་ཟེར།

ལིའུ་ཧི་ཡིས་དུས་དང་རྣམ་པ་ཀུན་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ཡིད་ལ་དམ་པོར་བཅངས་ཤིང་ཏང་དང་རྒྱལ་ཁབ། མི་དམངས་བཅས་ལ་བློ་དཀར་བ་དང་མཁའ་སྐྱོད་ལས་དོན་སྣ་ཚོགས་ལེགས་སྒྲུབ་བྱས་ཏེ།  སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ཐད་ནས་རྒྱལ་ཁ་གསར་བ་ལེན་པར་བྱས་རྗེས་ཆེན་པོ་འཇོག་དགོས་པའི་རེ་བ་བཏོན། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།