དུས་ཚིགས་དང་པོར་ས་ངོས་ཆུའི་སྤུས་ཚད་ལེགས་པའི་བསྡུར་ཚད་དུས་མཉམ་ལས་བརྒྱ་ཆའི་ཚེག2.7འཕར་ཡོད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིན་འགའི་སྔོན། སྐྱེ་ཁམས་ཁོར་ཡུག་པུའུ་ཡིས2021ལོའི་ཟླ1པོ་ནས་ཟླ3པའི་བར་གྱི་རྒྱལ་ཡོངས་ཀྱི་ས་ངོས་ཆུ་དང་ཁོར་ཡུག་མཁའ་རླུང་སྤུས་ཚད་ཀྱི་གནས་ཚུལ་བརྡ་ཁྱབ་བཏང་། རྒྱལ་ཁབ་ཀྱི་ས་ངོས་ཆུ3641གི་དཔྱད་ཞིབ་བཅད་ངོས་ཁྲོད། ཆུ་སྤུས་ལེགས་པའི་བསྡུར་ཚད83.0%ཟིན་པ་དང་། དེ་ལོ་སྔོན་མའི་དུས་མཉམ་ལས་བརྒྱ་ཆའི་ཚེག2.7མཐོ་རུ་ཕྱིན་ཡོད། འབྲི་ཆུ་དང་རྨ་ཆུ། ཀྲུའུ་ཅང་གཙང་བོ་སོགས་ཆུ་བོ་ཆེན་པོ་བདུན་དང་། ནུབ་བྱང་གི་ཆུ་བོ་ཁག ལྷོ་ནུབ་ཀྱི་ཆུ་བོ་ཁག ཀྲའེ་མིན་ས་ཁུལ་གྱི་ཆུ་བོའི་ཆུའི་སྤུས་ཚད་ལེགས་པའི་བཅད་ངོས་ཀྱི་བསྡུར་ཚད84.7%ཟིན་ལ། ལོ་སྔོན་མའི་དུས་མཉམ་ལས་བརྒྱ་ཆའི་ཚེག3.1མཐོ་རུ་ཕྱིན་ཡོད། ལྟ་ཞིབ་ཚད་ལེན་བྱས་པའི་མཚོའུ་མཛོད་གལ་ཆེན191ཡི་ཁྲོད་ཆུའི་སྤུས་ཚད་ལེགས་པའི་མཚེའུ་མཛོད་ཀྱིས75.4%ཟིན་ལ་དུས་མཉམ་ལས་བརྒྱ་ཆའི་ཚེག0.5འཕར་ཡོད།

ཟླ1པོ་ནས་ཟླ3པའི་བར། པེ་ཅིང་དང་ཐེན་ཅིན། ཧོ་པེ་བཅས་དང་དེའི་མཐའ་འཁོར་ས་ཁུལ་གྱི“2+26”གྲོང་ཁྱེར་གྱིPM2.5གར་ཚད་ནི་སྨི་རྒྱ་དཔངས་གྲུ་བཞི་མ་རེར་ཝའེ་ཁེ65ཟིན་པ་དང་། དེ་དུས་མཉམ་ལས16.7%མར་ཆག་ཡོད། འབྲི་ཆུའི་ཟུར་གསུམ་ས་ཁུལ་གྱི་གྲོང་ཁྱེར41གི་ཆ་སྙོམས་གནམ་གཤིས་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད87.4%ཟིན་པ་དང་དུས་མཉམ་ལས་བརྒྱ་ཆའི་ཚེག1.5འཕར་ཡོད།  PM2.5ཡི་གར་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་རེར་ཝུའེ་ཁེ43ཟིན་པ་དང་དུས་མཚུངས་ལས4.4%མར་ཆག་ཡོད། ཧྥེན་ཝའེ་བདེ་ཐང་གི་གྲོང་ཁྱེར11གི་ཆ་སྙོམས་གནམ་གཤིས་ལེགས་པའི་བསྡུར་ཚད57.9%ཟིན་པ་དང་དུས་མཚུངས་ལས་བརྒྱ་ཆའི་ཚེག1.7འཕར་ཡོད། PM2.5ཡི་གར་ཚད་སྨི་རྒྱ་དཔངས་གྲུ་བཞི་རེར་ཝའེ་ཁེ66ཟིན་པ་དང་དུས་མཚུངས་ལས15.4%མར་ཆག་ཡོད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།