ལས་འཁྱུར་ངལ་གསོ་མི་སྣའི་རྒན་གསོ་གྲོན་དངུལ་ཡང་བསྐྱར4.5%སྤར་ཏེ་བསྟུད་མར་ཐེངས17ལ་འཕར་བ་མངོན་འགྱུར་བྱུང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས16ཉིན། གསར་འགོད་པས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ནས་རྒྱུས་ལོན་པ་ལྟར་ན། 2021ལོར་ལས་འཁྱུར་ངལ་གསོ་མི་སྣའི་རྒན་གསོ་གྲོན་དངུལ་ཡང་བསྐྱར4.5%སྤར་ཏེ་བསྟུད་མར་ཐེངས17ལ་འཕར་བ་མངོན་འགྱུར་བྱུང་།

ཉེ་སྔོན། མི་དོན་འགན་སྲུང་པུའུ་དང་ནོར་སྲིད་པུའུ་ཡིས《2021ལོའི་ལས་འཁྱུར་ངལ་གསོ་མི་སྣའི་གཞི་རྩའི་རྒན་གསོ་གྲོན་དངུལ་ལེགས་སྒྲིག་བྱེད་པའི་སྐོར་གྱི་བརྡ་སྦྱོར》བཏང་ནས། 2021ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་། 2020ལོའི་ལོ་མཇུག་སྔོན་ལ་གཏན་འཁེལ་ལྟར་ལས་འཁྱུར་ངལ་གསོའི་འགྲོ་ལུགས་སྒྲུབ་པ་མ་ཟད་ཟླ་རེར་གཞི་རྩའི་རྒན་གསོ་གྲོན་དངུལ་ལེན་བཞིན་པའི་ཁེ་ལས་དང་ལས་དོན་ལས་ཁུངས་ཀྱི་ལས་འཁྱུར་ངལ་གསོ་མི་སྣའི་གཞི་རྩའི་རྒན་གསོ་གྲོན་དངུལ་གྱི་ཆུ་ཚད་ཇེ་མཐོར་གཏོང་རྒྱུ་ཡིན་པ་དང་། སྤྱིའི་ལེགས་སྒྲིག་ཆུ་ཚད་ནི2020ལོར་ལས་འཁྱུར་ངལ་གསོ་བྱས་པའི་མི་སྣར་ཟླ་རེའི་གཞི་རྩའི་རྒན་གསོ་གྲོན་དངུལ་གྱི4.5%ཡིན། 

བརྡ་སྦྱོར་ལས། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་སོ་སོས་ས་གནས་ཀྱི་དངོས་ཡོད་གནས་ཚུལ་དང་བསྟུན་ནས། བྱེ་བྲག་གི་ལག་བསྟར་འཆར་གཞི་བཟོ་བ་དང་། རྩ་འཇུགས་ལག་བསྟར་ལ་དམ་འཛིན་བྱས་ཏེ་མགྱོགས་མྱུར་ངང་ལེགས་སྒྲིག་བསྐྱར་སྣོན་བྱས་པའི་གཞི་རྩའི་རྒན་གསོ་གྲོན་དངུལ་དེ་ལས་འཁྱུར་ངལ་གསོ་མི་སྣའི་ལག་ཏུ་སྤྲོད་དགོས་པའི་བླང་བྱ་བཏོན་ཡོད། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།