ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་རྒྱལ་ཡོངས་ཀྱི་ཟས་རིགས་བདེ་འཇགས་བྱ་བའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱེད་པའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ལ་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-04-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཟས་རིགས་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧན་ཀྲིན་ཚེས་བཅུ་དྲུག་ཉིན་རྒྱལ་ཡོངས་ཀྱི་ཟས་རིགས་བདེ་འཇགས་བྱ་བའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱེད་པའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ལ་ཞུགས་ཏེ་གསུང་བཤད་གནང་། ཁོང་གིས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཟས་རིགས་བདེ་འཇགས་བྱ་བར་མཐོང་ཆེན་བྱེད་ཅིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆེས་གཟབ་ནན་བཞིའི་རེ་བ་བཏོན་པ་དང་། ཏང་སྲིད་འགན་འཁྲི་གཅིག་མཐུན་དང་རྩ་ལག་མཉམ་བཅོས་རྒྱུན་འཁྱོངས་བྱེད་པ། གཅིག་གྱུར་བཀོད་འདོམ་དང་མཐུན་སྦྱོར་ལ་ཤུགས་སྣོན་བྱས་ཏེ། གཅིག་གྱུར་དབང་གྲགས་ཀྱི་ལྟ་རྟོག་དོ་དམ་སྒྲིག་ལུགས་དང་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་པ་ནན་བཤད་མཛད་ཡོད། ཙུང་ལི་ལིས་ཁི་ཆང་གིས་ཐེངས་མང་བོར་རེ་བ་མངོན་གསལ་བཏོན་ཡོད། ཉེ་བའི་ལོ་འགའི་རིང་ལ། རང་རྒྱལ་གྱི་ཟས་རིགས་བདེ་འཇགས་ཆུ་ཚད་གཏན་འཇགས་ངང་མཐོར་འདེགས་བྱུང་ཡོད་ཀྱང་འགྲན་རྩོད་སྔར་བཞིན་ཛ་དྲག་ཏུ་གྱུར་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱས་ཏེ་སྔར་ལས་ལྷག་པའི་སྒོ་ནས་ཟས་རིགས་བདེ་འཇགས་བྱ་བ་བཟང་བོར་བསྒྲུབས་པ་རྒྱུན་འཁྱོངས་སྒོས་མི་དམངས་མང་ཚོགས་ཀྱི་ཟས་རིགས་བདེ་འཇགས་ལ་འགན་སྲུང་བྱེད་དགོས། 

ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། གནད་དོན་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་སྤྱི་ཚོགས་དང་མང་ཚོགས་དག་བསམ་འཆར་ཆེ་བའི་གནད་དོན་གཙོར་བཟུང་ནས། ཤུགས་ཆེན་པོས་ཟས་རིགས་བདེ་འཇགས་ཁྱབ་ཁོངས་ཀྱི་འབུར་ཐོན་གནད་དོན་ཐག་གཅོད་བྱེད་དགོས་ཞེས་གསུངས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཟས་རིགས་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཧུའུ་ཁྲོན་ཧྭ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས། རྒྱལ་སྲིད་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་ཟས་རིགས་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝང་ཡུང་གྲོས་ཚོགས་ལ་ཞུགས་ཏེ་གཟེངས་བསྟོད་ཆོད་དོན་སྒྲོག་འདོན་བྱས། སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལྔ་ཡིས་གཏམ་བཤད་སྤེལ། པེ་ཅིང་དུ་ཡོད་པའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་གྱི་འཐུས་མི་བཅས་ཚོགས་ར་གཙོ་བོའི་གྲོས་ཚོགས་ལ་ཞུགས་པ་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་སོ་སོ་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་ཀྱི་སྔོན་ཐོན་ཐུན་མོང་། སྔོན་ཐོན་མི་སྒེར་གྱི་འཐུས་མི་བཅས་ཡན་ལག་ཚོགས་རའི་གྲོས་ཚོགས་ལ་ཞུགས་ཡོད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།