སློབ་གསོ་པུའུ་ཡིས་མཐོ་རིམ་སློབ་གྲྭའི《རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཀློག་དེབ》རྩོམ་སྒྲིག་བྱེད་མགོ་བརྩམས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  གསར་འགོད་པས་ཚེས15ཉིན་སློབ་གསོ་པུའུ་ནས་ནས་རྒྱུས་ལོན་པ་ལྟར་ན། རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་སྤྱིའི་ཆ་ནས་དོན་འཁྱོལ་བྱེད་པ་དང་། སློབ་ཆེན་སློབ་མས་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བའི་སྤྱིའི་ནང་སྙིང་དང་བསམ་བློའི་ངོ་བོ་ཁོང་དུ་ཆུད་པར་བྱེད་པ། དེ་མིན་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་བདེ་འཇགས་མ་ལག་ལ་རྒྱུས་ལོན་བྱེད་པ། རྒྱལ་ཁབ་ཀྱི་བདེ་འཇགས་བསམ་བློ་ཆགས་སུ་འཇུག་པ། རྒྱལ་ཁབ་བདེ་འཇགས་འདུ་ཤེས་དེ་རང་འགུལ་གྱི་བྱེད་སྟངས་སུ་བསྒྱུར་བ་བཅས་བྱེད་ཆེད། སློབ་གསོ་པུའུ་ཡིས་མཐོ་རིམ་སློབ་གྲྭའི《རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཀློག་དེབ》རྩོམ་སྒྲིག་བྱེད་མགོ་བརྩམས། 

སློབ་གསོ་པུའུ་ཡི་པུའུ་ཀྲང་གཞོན་པ་ཀྲིན་ཧྥུའུ་ཀྲི་ཡིས་བསྟན་དོན། ཀློག་དེབ་འདི་རྩོམ་སྒྲིག་བྱེད་པ་ནི་སློབ་ཆེན་སློབ་མ་ཡོངས་ལ་མ་ལག་གི་སྒོ་ནས་རྒྱལ་ཁབ་བདེ་འཇགས་སློབ་གསོ་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་མཁན་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་པའི་ལས་འགན་གལ་ཆེན་ཞིག་ཡིན། རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བས་བསླབ་གཞིར་སྣེ་ཁྲིད་བྱས་ནས།རྣམ་པ་གསར་བ་མངོན་པ་དང་། བསམ་བློ་རང་བཞིན་དང་ཆབ་སྲིད་རང་བཞིན། རིག་གཞུང་རང་བཞིན། འོས་འཚམ་རང་བཞིན་བཅས་གཞི་གཅིག་ཅན་གྱི་ཕུལ་བྱུང་བསླབ་གཞི་ཞིག་གསར་སྐྲུན་བྱེད་དགོས་ཟེར།

རྒྱུས་ལོན་པ་ལྟར་ན།《རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཀློག་དེབ》འདི2022ལོའི་དཔྱིད་དུས་སློབ་སྐབས་སུ་བེད་སྤྱོད་ཚོད་ལྟ་བྱེད་པ་དང་། 2023ལོའི་དཔྱིད་དུས་སློབ་སྐབས་སུ་ཁྱོན་ཡོངས་ནས་བེད་སྤྱོད་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།