ཀྲུང་གོ་བོད་ཀྱི་དྲ་བ།

ལྷ་གྲུ་ཨང་རྟགས་བཅུ་གཉིས་པའི་མི་སྡོད་འཇིག་རྟེན་འཕུར་གྲུ་བདེ་བླག་ངང་ཅིག་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་བསྐྱལ།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-04-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གོའི་མི་སྡོད་འཇིག་རྟེན་མཁའ་བསྐྱོད་བཟོ་སྐྲུན་གཞུང་སྒྲུབ་ཁང་གིས་ཚེས15ཉིན་བཤད་རྒྱུར། ལྷ་གྲུ་ཨང་རྟགས12པའི་མི་སྡོད་འཇིག་རྟེན་མཁའ་བསྐྱོད་འཕུར་བསྐྱོད་ལས་འགན་ལག་བསྟར་བྱེད་པའི་མི་སྡོད་འཇིག་རྟེན་འཕུར་གྲུ་དང་། རྒྱང་སྐྱོད་རྟགས་ཅན2པའིFཨང་རྟགས12པའི་མེ་ཤུགས་འཕུར་མདས་བཟོ་གྲྭ་ནས་ཕྱིར་འདྲེན་པའི་ཞིབ་འཇུག་སྒྲིག་བཟོ་བྱ་བ་ཡོངས་སུ་ལེགས་འགྲུབ་བྱས་ཏེ། ད་ལྟ་སྐོར་རིམ་བགོས་ནས་ཅིག་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་བདེ་བླག་ངང་བསྐྱལ་ནས། འཕེན་གཏོང་ས་ཁུལ་གྱི་སྒྲིག་འཇུག་དང་ཚད་ལེན་ཚོད་ལྟའི་བྱ་བ་སྤེལ།

ད་ལྟ། འཕེན་གཏོང་ལྟེ་གནས་ཀྱི་སྒྲིག་ཆས་གནས་ཚུལ་ལེགས་པ་དང་། ཚོད་ལྟར་ཞུགས་པའི་མ་ལག་གིས་གོ་རིམ་ལྡན་པའི་ངང་ལས་འགན་གྱི་གྲ་སྒྲིག་བྱ་བ་སྤེལ་བཞིན་པའི་སྒང་ཡིན་ལ།ཐེངས་འདིའི་མི་སྡོད་འཇིག་རྟེན་མཁའ་བསྐྱོད་འཕུར་བསྐྱོད་ལས་འགན་ལག་བསྟར་བྱེད་པའི་མཁའ་བསྐྱོད་པའི་ཚན་ཆུང་གིས་སྦྱོང་བརྡར་བྱེད་བཞིན་པའི་སྒང་རེད། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།