ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱིས2021ལོའི་ཆུའི་མ་ལག་སྦྲེལ་མཐུད་དང་ཆུ་མཛེས་པའི་ཞིང་སྡེ་འཛུགས་སྐྲུན་ཚོད་ལྟའི་བྱ་བ་སྤེལ།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-04-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཆུ་བེད་པུའུ་དང་ནོར་སྲིད་པུའུ་ཡིས་ཉེ་ཆར་ཁྱབ་བསྒྲགས་བྱས་དོན། 2021ལོར་ཞིང་ཆེན་དང་ཁུལ། གྲོང་ཁྱེར30ཡི་ཆུའི་མ་ལག་སྦྲེལ་མཐུད་དང་ཆུ་མཛེས་པའི་ཞིང་སྡེ་འཛུགས་སྐྲུན་ཚོད་ལྟའི་བྱ་བ་སྤེལ་བ་དང་། ཞིང་ཆེན་དང་ཁུལ། གྲོང་ཁྱེར་རེ་རེར་ཚོད་ལྟའི་རྫོང1གཏན་འཁེལ་བྱས་ཤིང་། ཚོད་ལྟའི་དུས་ཡུན་ལོ2ཡིན་པ་ཁྱབ་བསྒྲགས་བྱས། 

ཆུ་བེད་པུའུ་དང་ནོར་སྲིད་པུའུ་ཡིས་བསྒྲགས་དོན། སྐོར་རིམ་དང་པོའི་ཆུ་བེད་མ་ལག་དང་ཞིང་སྡེའི་ཆུ་བེད་ཕྱོགས་བསྡུས་བཅོས་སྐྱོང་ཚོད་ལྟའི་རྫོང་གི2020ལོའི་ལག་བསྟར་གནས་ཚུལ་དཔྱད་འཇོག་ཞིབ་བཤེར་ལེགས་འགྲུབ་བྱས་ཟིན་པ་ལ“ཆུ་བེད་སྦྲེལ་མཐུད་དང་ཞིང་སྡེའི་ཆུ་བེད་ཕྱོགས་བསྡུས་བཅོས་སྐྱོང་ཚོད་ལྟ”ནས། “ཆུ་བེད་སྦྲེལ་མཐུད་དང་ཆུ་མཛེས་པའི་ཞིང་སྡེ་འཛུགས་སྐྲུན་ཚོད་ལྟར”མིང་བསྒྱུར་རྒྱུ་ཐག་གཅོད་བྱས་པའི་དུས་མཚུངས་སུ། 2021ལོའི་སྐོར་རིམ་དང་པོའི་ཚོད་ལྟའི་བྱ་བ་སྤེལ་རྒྱུ་རེད། 

ཀྲུང་དབྱང་གི་མ་དངུལ་ཁ་གསབ་ཕྱོགས་ཀྱི་ཐད་ནས། ས་ཁུལ་འཕེལ་རྒྱས་ཀྱི་བར་ཁྱད་ལ་གཞིགས་ནས། དབུས་ནུབ་རྒྱུད་ས་ཁུལ་གྱི་དངུལ་གཏོང་སྲིད་ཇུས་ལོངས་སུ་སྤྱོད་པའི་ཚོད་ལྟའི་རྫོང་དུ། རྫོང་རེར་ཀྲུང་དབྱང་གི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར1.2དང་། ས་ཁུལ་གཞན་དག་གི་ཚོད་ལྟའི་རྫོང་ལ། རྫོང་རེར་ཀྲུང་དབྱང་གི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར0.8ཡོད་པ་རེད། 

2020ལོའི་ལོ་མགོར། སྐོར་རིམ་དང་པོའི་ཚོད་ལྟའི་རྫོང55ཡི་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་། ལག་བསྟར་དུས་ཡུན2020ལོ་ནས་2021ལོའི་བར་ཡིན། ། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།