ཀྲུང་གོ་བོད་ཀྱི་དྲ་བ།

སློབ་གསོ་པུའུ་ཡི་བརྡ་ཐོ་གསར་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-04-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། སློབ་གསོ་པུའུ་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་རྒྱལ་སྲུང་སྐུལ་སློང་པུའུ་གཉིས་ཀྱིས་མཉམ་འབྲེལ་བྱས་ཏེ《མཐོ་འབྲིང་དུས་རིམ་གྱི་སློབ་མའི་དམག་སྦྱོང་སློབ་ཁྲིད་རྩ་གནད》འགྲེམ་སྤེལ་བྱས་པ་དང་།  2021ལོའི་ཟླ8པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད། 

《རྩ་གནད》 ནང་བྱེ་བྲག་གི་ནང་དོན་གང་དག་འདུས་ཡོད་ཞེ་ན། མཐོ་འབྲིང་དུས་རིམ་གྱི་སློབ་མའི་དམག་སྦྱོང་གི་སློབ་ཁྲིད་དུས་ཡུན་ཉིན7ནས་ཉིན14བར་ཡིན་ལ། ཉིན་བདུན་ནང་སློབ་ཁྲིད་ཚོགས་དུས་བསྡོམས་པས་དུས་ཚོད56ལས་མི་ཉུང་བར་གཏན་འཁེལ་བྱས་ཡོད།

མཐོ་འབྲིང་དུས་རིམ་གྱི་སློབ་མའི་དམག་སྦྱོང་ལ་དམག་དོན་ཐད་ཀྱི་རྩ་བའི་ཤེས་བྱ་དང་དམག་དོན་ནུས་རྩལ་གཉིས་རུ་དགར་ཡོད་ལ། དེའི་ནང་སྙིང་གློའི་དྲན་སོས་ནི་དམག་དོན་ཐད་ཀྱི་ནུས་རྩལ་ཁྲོད་འཕྲོད་བསྟེན་དང་མྱུར་སྐྱོབ་དོན་ཚན་སློབ་ཁྲིད་ནང་བཞག་སྟེ། ངེས་པར་ཏུ་སྦྱང་དགོས་པའི་ནང་དོན་ཡིན། 

སློབ་ཁྲིད་ནང་དོན་ཐད་ཀྱི་དམག་དོན་ཤེས་བྱའི་རྒྱུགས་གཞི་ནི་སློབ་གྲྭའི་རྩ་འཛུགས་བྱས་ཏེ་ལག་བསྟར་བྱེད་དགོས་པ་དང་། སྦྱང་འབྲས་ལ་ཕུལ་བྱུང་དང་ལེགས་པ། རྒྱུགས་ཚད་ལོན་པ་དང་རྒྱུགས་ཚད་མི་ལོན་པ་བཅས་རིམ་པ་བཞི་རུ་བཀར་ཡོད། 

དམག་དོན་གྱི་རྩ་བའི་ནུས་རྩལ་གྱི་དཔྱད་ཞིབ་ནི་སློབ་གྲྭའི་དམག་དོན་དགེ་རྒན་གྱིས་དམག་སྦྱང་སློབ་ཁྲིད་དམག་དཔོན་དང་མཉམ་སྒོས་རྩ་འཛུགས་བྱས་ཏེ་ལག་བསྟར་བྱེད་པ་དང་། སྦྱང་འབྲས་ལ་ཕུལ་བྱུང་དང་ལེགས་པ། རྒྱུགས་ཚད་ལོན་པ་དང་རྒྱུགས་ཚད་མི་ལོན་པ་བཅས་རིམ་པ་བཞི་རུ་བཀར་ཡོད། 

དཔྱད་ཞིབ་སྦྱང་འབྲས་དཔྱད་བསྡུར་གྱི་གཏན་འབེབས་མཇུག་འབྲས་དེ་སློབ་མའི་ཕྱོགས་བསྡུས་བྱང་ཚད་གདེང་འཇོག་ཡིག་ཚགས་ནང་འཇོག་དགོས་པ་དང་། དམག་ཞབས་ཐོ་འགོད་བྱེད་པའི་ནད་དོན་གལ་ཆེན་ཏུ་བརྩི་རྒྱུ་རེད། 

དམག་དོན་གྱི་རྩ་བའི་ཤེས་བྱའི་དགེ་རྒན་ནི་སློབ་གྲྭའི་ཆེད་ལས་དགེ་རྒན་དང་ཞོར་འགན་འཁུར་བའི་བྱེད་ཐབས་སྤྱད་ཡོད་ལ། དམག་དོན་ཐད་ཀྱི་ནུས་རྩལ་དམག་སྦྱང་དམག་དཔོན་ནི་དངོས་ཞབས་དམག་དཔུང་དང་དངོས་ཞབས་གྲ་སྒྲིག་དམག་དཔུང་། དམངས་དམག་རྐང་འཛིན་པ་སོགས་ཡིན་དགོས་པ་ལས་གཞན། སློབ་གྲྭས་དམག་ཁོངས་ནས་ཕྱིར་འཐེན་པའི་དམག་མི་དམག་སྦྱང་དམག་དཔོན་དུ་གདན་ཞུ་བྱས་ཆོག  །

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།