ཞི་ཅིན་ཕིང་གིས་ཕྱི་རྒྱལ་གྱི་གསར་དུ་བསྐོས་པའི་ཀྲུང་གོར་བཅའ་སྡོད་བྱེད་པའི་གཞུང་ཚབ་ཆེན་མོས་ཕུལ་བའི་རྒྱལ་ཡིག་དང་ལེན་བྱས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ4པའི་ཚེས14ཉིན་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོ་རུ་རྒྱལ་ཁབ29ཀྱི་གསར་དུ་བསྐོས་པའི་ཀྲུའུ་གོར་བཅའ་སྡོད་བྱེད་པའི་གཞུང་ཚབ་ཆེན་མོས་ཕུལ་བའི་རྒྱལ་ཡིག་དང་ལེན་བྱས་པ་རེད།

1.jpg

ཟླ4པའི་ཚེས14ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་རྒྱལ་ཁབ29ཀྱི་གསར་དུ་བསྐོས་པའི་ཀྲུའུ་གོར་བཅའ་སྡོད་བྱེད་པའི་གཞུང་ཚབ་ཆེན་མོས་ཕུལ་བའི་རྒྱལ་ཡིག་དང་ལེན་བྱས་པ་རེད། འདི་ནི་ཞི་ཅིན་ཕིང་གིས་ཁོང་ཚོ་དང་ལྷན་དུ་མཉམ་པར་བསྐྱོན་པ་རེད། 

ཟླ4པའི་པེ་ཅིང་དུ་དཔྱིད་དཔལ་རབ་ཏུ་རྒྱས། མི་དམངས་ཚོགས་ཁང་ཆེན་མོའི་བྱང་སྒོའི་ཕྱི་རོལ་དུ་གུས་དམག་གིས་གཞོགས་གཉིས་སུ་གྲལ་སྒྲིག་ནས་དུང་བརྡ་བཏང་སྟེ་གཞུང་ཚབ་ཆེན་མོ་བ་རྣམས་ལ་བསུ་བ་ཞུས།  

གཞུང་ཚབ་པ་རྣམས་རྡོ་བཀྱག་བརྒྱུད་དེ་རིམ་པ་བཞིན་བསྐྱོད་པ་དང་། ལྡེབས་རིས་ཆེན་པོ《རི་ཀླུང་འདི་འདྲའི་མཛེས་ཤིང་སྡུག་པ》ཞེས་པའི་མདུན་དུ་རིམ་པ་བཞིན་ཞི་ཅིན་ཕིང་ལ་རྒྱལ་ཡིག་ཕུལ་བ་མ་ཟད། རྒྱལ་ཁབ་སོ་སོའི་མགོ་ཁྲིད་པས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་མཛའ་བརྩེའི་འཚམས་འདྲི་གནང་བ་བརྒྱུད་བསྒྲགས་བྱས་པ་རེད།

ཁོ་ཚོ་ནི་ཨ་ཧྥུ་ཧན་གྱི་ཀྲུང་གོར་བཅའ་སྡོད་བྱེད་པའི་གཞུང་ཚབ་ཆེན་མོ་ཁ་དབྱི་མུའུ་དང་། ཀེ་རི་སེའི་ཀྲུང་གོར་བཅའ་སྡོད་བྱེད་པའི་གཞུང་ཚབ་ཆེན་མོ་དབྱི་ལི་ཨོ་ཕུའུ་ལོ་སི། བྷོ་ཧེར་གྱི་ཀྲུང་གོར་བཅའ་སྡོད་བྱེད་པའི་གཞུང་ཚབ་ཆེན་མོ་པུའུ་ཁེ་ཝུའེ་ཆི།  མ་ཏ་ཀ་སི་ཁ་ཡི་ཀྲུང་གོར་བཅའ་སྡོད་བྱེད་པའི་གཞུང་ཚབ་ཆེན་མོ་ལུའོ་པན་སུང་། དབྱི་ཐ་ལིའི་ཀྲུང་གོར་བཅའ་སྡོད་བྱེད་པའི་གཞུང་ཚབ་ཆེན་མོ་ཧྥང་ལན་ཡས། ཏིས་ཝིན་ཤར་མའི་ཀྲུང་གོར་བཅའ་སྡོད་བྱེད་པའི་གཞུང་ཚབ་ཆེན་མོ་སང་ཐོ་སི། སྨི་ཁེ་རོ་ནི་ཞི་ཡ་རྒྱལ་ཕྲན་མཉམ་འབྲེལ་གྱི་ཀྲུང་གོར་བཅའ་སྡོད་བྱེད་པའི་གཞུང་ཚབ་ཆེན་མོ་ཞི་ཝ་སི། སུའུ་ཏན་གྱི་ཀྲུང་གོར་བཅའ་སྡོད་བྱེད་པའི་གཞུང་ཚབ་ཆེན་མོ་ཅཱ་ཧྥར་ཨར། མོ་རི་ཐིའུ་སིའི་ཀྲུང་གོར་བཅའ་སྡོད་བྱེད་པའི་གཞུང་ཚབ་ཆེན་མོ་ཝང་ཁྲུན་ཝན། ནེ་པ་ལའི་ཀྲུང་གོར་བཅའ་སྡོད་བྱེད་པའི་གཞུང་ཚབ་ཆེན་མོ་ཕན་ཏིས། ཕ་ཁི་སི་ཐན་གྱི་ཀྲུང་གོར་བཅའ་སྡོད་བྱེད་པའི་གཞུང་ཚབ་ཆེན་མོ་ཧ་ཁེ། མོལ་དོ་ཝའི་ཀྲུང་གོར་བཅའ་སྡོད་བྱེད་པའི་གཞུང་ཚབ་ཆེན་མོ་པེ་ལ་ཅི་ཧྲིས། ཏན་མའེ་ཡི་ཀྲུང་གོར་བཅའ་སྡོད་བྱེད་པའི་གཞུང་ཚབ་ཆེན་མོ་མ་ལེ། པི་ལི་ཧྲིའི་ཀྲུང་གོར་བཅའ་སྡོད་བྱེད་པའི་གཞུང་ཚབ་ཆེན་མོ་ཀའོ་ཡང་། ཨ་མན་གྱི་ཀྲུང་གོར་བཅའ་སྡོད་བྱེད་པའི་གཞུང་ཚབ་ཆེན་མོ་ནཱ་སེར། ཀམ་པི་ཡའི་ཀྲུང་གོར་བཅའ་སྡོད་བྱེད་པའི་གཞུང་ཚབ་ཆེན་མོ་ཁང་ཏི། ཐ་ཅི་ཁེ་སི་ཐན་གྱི་ཀྲུང་གོར་བཅའ་སྡོད་བྱེད་པའི་གཞུང་ཚབ་ཆེན་མོ་ས་དབྱི་ཏེ་ཙོ་ཏ། དབྱིན་ཇིའི་ཀྲུང་གོར་བཅའ་སྡོད་བྱེད་པའི་གཞུང་ཚབ་ཆེན་མོ་ཝུའུ་རོ་ལན། ཝེ་ནེ་རུའེ་ལའི་ཀྲུང་གོར་བཅའ་སྡོད་བྱེད་པའི་གཞུང་ཚབ་ཆེན་མོ་ཕུ་ལ་སེན་ཤི་ཡ། འཇར་པན་གྱི་ཀྲུང་གོར་བཅའ་སྡོད་བྱེད་པའི་གཞུང་ཚབ་ཆེན་མོ་ཁྲུའེ་ཞིའུ་ཧྥུའུ།  ཨ་ཧྥེ་རི་ཁ་ལྷོ་མའི་ཀྲུང་གོར་བཅའ་སྡོད་བྱེད་པའི་གཞུང་ཚབ་ཆེན་མོ་ཤེ་ཧྲེང་ཝུན།  སི་རི་ལན་ཁའི་ཀྲུང་གོར་བཅའ་སྡོད་བྱེད་པའི་གཞུང་ཚབ་ཆེན་མོ་ཁོ་ཧོ་ན། ཨུ་རུ་སུ་དཀར་པོའི་ཀྲུང་གོར་བཅའ་སྡོད་བྱེད་པའི་གཞུང་ཚབ་ཆེན་མོ་ཡོའུ་ལི།  ཨིར་ལན་གྱི་ཀྲུང་གོར་བཅའ་སྡོད་བྱེད་པའི་གཞུང་ཚབ་ཆེན་མོ་ཨན་ཏེ་ཝུན། དབྱི་སི་རལ་གྱི་ཀྲུང་གོར་བཅའ་སྡོད་བྱེད་པའི་གཞུང་ཚབ་ཆེན་མོ་ཕན་ཆི་རུའེ། ཅི་ནེ་ཡ་པི་སོའི་ཀྲུང་གོར་བཅའ་སྡོད་བྱེད་པའི་གཞུང་ཚབ་ཆེན་མོ་ཨིན་པ་ལོ།  ཁྲའོ་ཞན་གྱི་ཀྲུང་གོར་བཅའ་སྡོད་བྱེད་པའི་གཞུང་ཚབ་ཆེན་མོ་ལི་ལུང་ནན། དབྱི་རག་གི་ཀྲུང་གོར་བཅའ་སྡོད་བྱེད་པའི་གཞུང་ཚབ་ཆེན་མོ་སའེ་དབྱི་ཏེ། ཨ་ཀེན་ཐིན་གྱི་ཀྲུང་གོར་བཅའ་སྡོད་བྱེད་པའི་གཞུང་ཚབ་ཆེན་མོ་ཉིའུ་ཝང་ཏའོ་བཅས་ཡིན། མཉམ་འབྲེལ་རྒྱལ་ཚོགས་མ་ལག་གིས་གསར་དུ་བསྐོས་པའི་ཀྲུང་གོར་བཅའ་སྡོད་བྱེད་པའི་མཐུན་སྦྱོར་པ་ཁྲང་ཆི་ཏེ་ཡིས་བསྐོ་གཞག་ཡི་གེ་ཕུལ་བ་རེད། 

ཞི་ཅིན་ཕིང་གིས་ཁོང་ཚོ་དང་མཉམ་དུ་སྐུ་པར་བསྐྱོན་པ་མ་ཟད་གསུང་བཤད་གནང་བ་རེད།

ཞི་ཅིན་ཕིང་གིས་བསྟན་དོན། འདས་ཟིན་པའི་ལོ་གཅིག་གི་ནང་ཀྲུང་གོའི་མི་དམངས་ཀྱིས་རྒྱལ་ཁབ་སོ་སོའི་མི་དམངས་དང་མཉམ་དུ་ཕྱར་བ་གྲུ་འདེགས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱས་ནས། རྒྱལ་སྤྱིའི་མཛའ་གྲོགས་མཉམ་ལས་ཀྱི་ལེའུ་གསར་པ་བརྩམས་ཡོད། ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པའི་ལོ་ཡིན་ལ། ཀྲུང་གོས“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་ལག་བསྟར་བྱེད་པ་དང་། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་གཏོད་པའི་ལོ་དང་པོ་ཡང་ཡིན། ཀྲུང་གོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གིས་བཏོད་དེ། ཀྲུང་གོའི་འཕེལ་རྒྱས་ཀྱིས་རྒྱལ་ཁབ་སོ་སོའི་མི་དམངས་ལ་ཕན་པ་དེ་བས་ལེགས་པོ་བསྐྲུན་རྒྱུ་ཡིན། ད་ལོ་ནི་ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་མཐུན་གདན་ཐོབ་སླར་གསོ་བྱས་ནས་ལོ་ངོ50འཁོར་བ་དང་། འཛམ་གླིང་ཚོང་དོན་རྩ་འཛུགས་ནང་ཞུགས་ནས་ལོ་ངོ20འཁོར་བའི་ལོ་ཞིག་ཀྱང་རེད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་སོ་སོ་དང་མཉམ་དུ་ཕྱོགས་མང་རིང་ལུགས་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱས་ནས། མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་ཡིན་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་ཡིན་པའི་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱེད་པ་དང་། ཕྱོགས་མང་ཚོང་དོན་སྒྲིག་སྲོལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱ་རྒྱུ་དང་།  འཛམ་གླིང་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཛུགས་སྐྱོང་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་པ་རེད།  པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་སང་ལོར་གཉེར་རྒྱུ་ཡིན་ལ། ཕྱོགས་སོ་སོའི་རྒྱབ་སྐྱོར་ཧུར་ཐག་དང་དེའི་ནང་ཞུགས་ནས་རིམས་ནད་ཀྱི་ཤུགས་རྐྱེན་ཁྱད་བསད་བྱས་ཏེ་སྟབས་བདེ་དང་། བདེ་འཇགས། ངོ་མཚར་ཆེ་བ་བཅས་ཀྱི་ཨོ་རྩལ་འགྲན་ཚོགས་གཟབ་རྒྱས་ཤིག་གཉེར་ཐུབ་པའི་ཡིད་ཆེས་ཡོད་ཅེས་བསྟན།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།  ཀྲུང་གོ་མི་དམངས་ནི་སྔ་མོ་ནས་བཟུང་མཛའ་གྲོགས་ལ་གཅེས་སྤྲས་དང་ཞི་བདེ་ལ་དགའ་ཞེན་ཡོད་པ་དང་།  འདྲ་མཉམ་གཉིས་ཕན་གྱི་རྨང་གཞིའི་ཐོག་རྒྱལ་ཁབ་སོ་སོའི་མི་དམངས་དང་མཉམ་དུ་མཛའ་གྲོགས་ཇེ་ཟབ་ཏུ་གཏོང་བ་དང་། ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ། མཉམ་ལས་བྱེད་རྒྱ་ཆེ་རུ་བསྐྱེད་པ་བཅས་བྱས་ཏེ“རྒྱུད་གཅིག་ལམ་གཅིག”གི་སྤུས་ཚད་མཐོ་བའི་ངང་མཉམ་སྐྲུན་བྱེད་འདོད་ཡོད། གཞུང་ཚབ་རྣམས་ཀྱིས་ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་དང་མཉམ་འབྲེལ་རྒྱལ་ཚོགས་དང་ཀྲུང་གོའི་མཉམ་ལས་ལ་སྐུལ་འདེད་གཏོང་བར་བྱས་རྗེས་འཇོག་པའི་རེ་བ་ཡོད་ཅེས་ནན་གྱིས་བསྟན། 

ཝང་དབྱི་གོང་གི་བྱེད་སྒོ་ནང་ཞུགས་ཡོད། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།