ཀྲུང་གོ་བོད་ཀྱི་དྲ་བ།

སློབ་གསོ་པུའུ་ཡིས་སློབ་གྲྭ་ཆུང་འབྲིང་སློབ་མར“ཆུང་དུས་ནས་བཟུང་ཏང་གི་ལོ་རྒྱུས་སློབ་པ་དང་ནམ་ཡང་ཏང་གི་རྗེས་སུ་འབྲངས་བའི”བརྗོད་དོན་སློབ་གསོའི་བྱ་འགུལ་སྤེལ།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-04-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་སློབ་གསོ་པུའུ་ནས་རྒྱུས་ལོན་པ་ལྟར་ན། སློབ་གསོ་པུའུ་གཞུང་སྒྲུབ་ཐིང་གིས《སློབ་གྲྭ་ཆུང་འབྲིང་གིས་“ཆུང་དུས་ནས་བཟུང་ཏང་གི་ལོ་རྒྱུས་སློབ་པ་དང་ནམ་ཡང་ཏང་གི་རྗེས་སུ་འབྲངས་བའི”བརྗོད་དོན་སློབ་གསོའི་བྱ་འགུལ་སྤེལ་བའི་སྐོར་གྱི་བརྡ་སྦྱོར》དཔར་འགྲེམ་བྱས་ཏེ། སློབ་གསོའི་བྱ་འགུལ་རབ་དང་རིམ་པ་སྤེལ་བར་བཀོད་སྒྲིག་བྱས་ནས། སློབ་གྲྭ་ཆུང་འབྲིང་སློབ་མས་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་ཁ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་ནས། གསར་བརྗེའི་གཞི་རྟེན་དང་གསར་བརྗེའི་སྙིང་སྟོབས་ཚེ་རབས་སུ་རྒྱུན་འཛིན་བྱེད་པར་སྣེ་ཁྲིད་བྱས།

རྒྱུས་ལོན་པ་ལྟར་ན། སློབ་གསོའི་བྱ་འགུལ་རབ་དང་རིམ་པ་སྤེལ་བར“པར་རིས་ཀྱི་ལམ་ནས་ལོ་ངོ་བརྒྱའི་བརྒྱུད་རིམ་བརྗོད་པའི”དྲིལ་སྒྲོག་སློབ་གསོའི་བྱ་འགུལ་དང་། “བསམ་བློ་གསར་བར་སློབ་སྦྱོང་བྱས་ནས། རྒྱུད་འཛིན་པ་ལེགས་པོ་ཞིག་བྱེད་པ”དང་། “བྱིས་སེམས་ཏང་ལ་ཕྱོགས་པའི”བྱ་འགུལ། དེ་མིན“གསར་བརྗེའི་བཤུལ་ལམ་འཚོལ་བའི”གསར་བརྗེའི་སློབ་གསོའི་ལག་ལེན་བྱ་འགུལ། “རྒྱལ་ཡོངས་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་གློག་བརྙན་གཟའ་འཁོར”བྱ་འགུལ་དང་། “སློབ་མགོ་ཚུགས་པའི་སློབ་ཁྲིད་དང་པོ”སོགས་འདུས།

“གསར་བརྗེའི་བཤུལ་ལམ་འཚོལ་བའི”བྱ་འགུལ་ལ་སློབ་མའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར་ལྟ་སྐོར་དང་། གསར་བརྗེའི་དངོས་མང་བཤམས་སྟོན་ཁང་། རྗེས་དྲན་ཁང་། འགྲེམ་ཁང་། གསར་བརྗེའི་གནས་རྙིང་སོགས་གསར་བརྗེའི་ཁང་། གསར་བརྗེའི་ཕྱིར་དྲན་འཚོལ་བ། གསར་བརྗེའི་གཞི་རྟེན་རྒྱུན་འཛིན་བཅས་ཀྱི་ནང་དོན་འདུས་ཡོད། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།