ཝང་དབྱི་རྫ་ཆུ་དང་མའེ་ཀུང་གཙང་པོའི་མཉམ་ལས་མགོ་ཚུགས་ནས་ལོ་ལྔ་འཁོར་བའི་སྣེ་ལེན་ཚོགས་འདུར་ཞུགས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས13ཉིན། རྒྱལ་སྲིད་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་རྫ་ཆུ་དང་མའེ་ཀུང་གཙང་པོའི་མཉམ་ལས་མགོ་ཚུགས་ནས་ལོ་ལྔ་འཁོར་བའི་སྣེ་ལེན་ཚོགས་འདུར་ཞུགས་ཤིང་གསུང་བཤད་གནང་། 

ཝང་དབྱི་ཡིས་བཤད་རྒྱུར། རྫ་ཆུ་དང་མའེ་ཀུང་གཙང་པོའི་རྒྱུད་ཀྱི་རྒྱལ་ཁབ་དྲུག་ནི་མཛའ་མཐུན་གྱི་ཁྱིམ་མཚེས་རྒྱལ་ཁབ་ཡིན་ལ། ལྷན་སྐྱེས་ཀྱིས་གྲུབ་པའི་མཉམ་ལས་རོགས་ཟླའང་ཡིན། ལོ5ཡི་རིང་། རྫ་ཆུ་དང་མའེ་ཀུང་གཙང་པོའི་མཉམ་ལས་ལམ་སྲོལ་གྱིས་གཙང་པོ་རྒྱུད་ཀྱི་རྒྱལ་ཁབ་སོ་སོའི་མང་ཚོགས་ལ་དངོས་གནས་དྲང་གནས་ཀྱི་ཕན་ཁེ་བསྐྲུན་ཡོད།

ཝང་དབྱི་ཡིས་བསྟན་དོན། རྫ་ཆུ་དང་མའེ་ཀུང་གཙང་པོའི་རྒྱུད་ཀྱི་རྒྱལ་ཁབ་དྲུག་གིས་ཕྱོགས་སོ་སོའི་ཐོན་ཁུངས་བསྡུས་ནས“མི་མང་གིས་བུད་ཤིང་འཐུས་ན་མེ་དཔུང་མཐོ་བའི”རྣམ་པ་བཟང་པོ་བཏོད་པ་དང་། དངོས་སྒྲུབ་མཉམ་ལས་ལ་དམིགས་ནས་མིག་མཐོང་ལག་ཟིན་གྱི་འཕེལ་རྒྱས་གྲུབ་འབྲས་ཐོབ་ཅིང་། དམངས་བདེ་དམངས་ཕན་མཐའ་འཁྱོངས་བྱས་ནས་བྱ་བ་དངོས་དང་བྱ་བ་བཟང་པོ་གང་མང་བསྒྲུབས་ཡོད་ལ། ས་ཁོངས་བཅོས་སྐྱོང་བྱས་ནས་ས་ཁུལ་གྱི་བདེ་འཇགས་དང་བརྟན་བརླིང་ལ་སྲུང་སྐྱོང་ནུས་ལྡན་བྱས་ཡོད། 

ཝང་དབྱི་ཡིས་བསྟན་དོན། མིག་སྔར་ཀྲུང་གོས་མགྱོགས་མྱུར་སྒོས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་བཞིན་ཡོད་པས་རྫ་ཆུ་དང་མའེ་ཀུང་གཙང་པོའི་མཉམ་ལས་གོ་སྐབས་གསར་པར་འཕྲད་ཡོད། ང་ཚོས་རོགས་ཟླའི་སྙིང་སྟོབས་མཐའ་འཁྱོངས་བྱས་ཏེ་ཐུན་མོང་ཐོག་འཕེལ་རྒྱས་ཀྱི་ཐབས་ལམ་དོན་གཉེར་བྱེད་དགོས་པ་དང་། མཉམ་འགུལ་མཉམ་འདྲེས་མཐའ་འཁྱོངས་བྱས་ནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་གཏོད་དགོས་། གསར་གཏོད་ཀྱིས་སྣེ་ཁྲིད་མཐའ་འཁྱོངས་བྱས་ནས་འཕེལ་རྒྱས་ཀྱི་སྒུལ་ནུས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས། དམངས་འཚོ་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་འཕེལ་རྒྱས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། 

ཝང་དབྱི་ཡིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་མའེ་ཀུང་གཙང་པོའི་རྒྱུད་ཀྱི་རྒྱལ་ཁབ་དང་མཉམ་དུ་རྫ་ཆུ་དང་མའེ་ཀུང་གཙང་པོའི་མཉམ་ལས་ཟམ་མི་ཆད་པར་འཕེལ་རྒྱས་སྟོབས་ཆེར་འགྲོ་བར་མུ་མཐུད་དུ་སྐུལ་འདེད་བཏང་ནས། ཧུར་ཐག་གིས་ས་ཁོངས་མཉམ་ལས་ཀྱི་རྣམ་པ་གསར་པ་བཏོད་དེ་འཕེལ་རྒྱས་དང་དར་རྒྱས་ཀྱི་མཐོ་ས་གསར་པ་གཏོད་རྒྱུ་ཡིན། 

རྫ་ཆུ་དང་མའེ་ཀུང་གཙང་པོའི་མཉམ་ལས་ཐུན་མོང་གི་ཀྲུའུ་ཞི་རྒྱལ་ཁབ་ཀྱི་ཀྲུང་གོར་བཅའ་སྡོད་བྱེད་པའི་འབར་མའི་གཞུང་ཚབ་ཆེན་མོ་མེའོ་ཏན་ཕེ་ཡིས་མེ་ཀུང་གཙང་པོའི་རྒྱལ་ཁབ་ཀྱི་གཞུང་ཚབ་པའི་ཚབ་ཞུས་ནས་ཤིས་ཚིག་གནང་། ཁོང་གིས་རྒྱལ་ཁབ་སོ་སོས་ཀྲུང་གོ་ཕྱོགས་དང་མུ་མཐུད་དུ་མཉམ་ལས་དམ་ཟབ་བྱས་ཏེ་ལམ་སྲོལ་འཛུགས་རྒྱུར་སྐུལ་འདེད་དང་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་མི་དམངས་ལ་སྔར་བས་བདེ་སྐྱིད་སྐྲུན་འདོད་ཡོད་ཅེས་བསྟན།  

ཝང་དབྱི་ཡིས་ད་དུང་ཐུན་མོང་ཐོག་མེ་ཀུང་གཙང་པོའི་རྒྱལ་ཁབ་ལྔའི་ཀྲུང་གོར་བཅའ་སྡོད་བྱས་པའི་གཞུང་ཚབ་ཆེན་མོ་དག་དང་མཇལ་འཕྲད་གནང་། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།