ཀྲུང་གོ་བོད་ཀྱི་དྲ་བ།

སྐོར་རིམ་གཉིས་པའི་སྐོར་ཐེངས་གསུམ་པའི་ཀྲུང་དབྱང་སྐྱེ་ཁམས་ཁོར་སྲུང་ལྟ་སྐུལ་ཞིབ་བཤེར་ཚན་ཆུང་ཚང་མ་ལས་གནས་སུ་སླེབས་ཤིང་བཅའ་སྡོད་བྱེད་ཡུན་ཟླ1ཡིན།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-04-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་སྐྱེ་ཁམས་ཁོར་ཡུག་པུའུ་ནས་ཤེས་གསལ་བྱུང་བ་ལྟར་ན། ཉེ་སྔོན། སྐོར་རིམ་གཉིས་པའི་སྐོར་ཐེངས་གསུམ་པའི་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་སྐུལ་ཞིབ་བཤེར་ཚན་ཆུང8ཀྱིས་ཧྲན་ཞི་དང་ལེའོ་ཉིང་། ཅང་ཞི། ཧི་ནན། ཧུའུ་ནན། ཀོང་ཞི། ཡུན་ནན་བཅས་ཞིང་ཆེན་8དུ་ལྟ་སྐུལ་ཞིབ་བཤེར་བྱེད་པར་བཅའ་སྡོད་བྱས།

ལས་གནས་སུ་ལྟ་སྐུལ་ཞིབ་བཤེར་བྱེད་པའི་སྐུལ་སློང་ཚོགས་འདུའི་སྟེང་། ལྟ་སྐུལ་ཞིབ་བཤེར་ཚན་ཆུང་སོ་སོའི་ཚན་གཙོས་བསྟན་དོན། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་སྐུལ་ཞིབ་བཤེར་ནི་བྱང་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒྲིག་སྲོལ་བཀོད་སྒྲིག་ལ་སྐུལ་འདེད་གཏོང་བ་ཡིན་ཞིང་། སྐོར་རིམ་འདིའི་ལྟ་སྐུལ་ཞིབ་བཤེར་ནི“ལོ་ལྔའི་འཆར་གཞི་བཅུ་བཞི་པ”མགོ་རྩོམ་པའི་ལོའི་ལྟ་སྐུལ་ཞིབ་བཤེར་ཐོག་མ་ཡིན་ལ། འཕེལ་རྒྱས་ཀྱི་དུས་སྐབས་གསར་བར་རྐང་བཙུགས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་བྱེད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་འཛུགས་སྐྲུན་གྱིས་བྱང་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་། མ་ལག་གི་འདུ་ཤེས་རྒྱུན་འཁྱོངས་དང་གནད་དོན་ཁ་ཕྱོགས་རྒྱུན་འཁྱོངས། གནད་འཁེལ་དང་ཚན་རིག ཁྲིམས་ལྟར་བྱེད་པ་རྒྱུན་འཁྱོངས་བྱས་ནས། ལྟ་སྐུལ་ཞིབ་བཤེར་གྱི་ཁ་ཕྱོགས་དང་གཙོ་གནད་གཅིག་བསྡུས་དམ་འཛིན་བྱེད་དགོས་ཞེས་བསྟན། 

བཀོད་སྒྲིག་ལྟར་ན། སྐོར་རིམ་གཉིས་པའི་སྐོར་ཐེངས་གསུམ་པའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་སྐུལ་ཞིབ་བཤེར་བྱེད་པའི་དུས་ཡུན་ཧ་ལམ་ཟླ1རིང་ཡིན་ཞིང་། ལྟ་སྐུལ་ཞིབ་བཤེར་གྱི་སྐབས་སུ། ལྟ་སྐུལ་ཞིབ་བཤེར་ཚན་ཆུང་སོ་སོས་ཆེད་དུ་ལས་རེས་ཁ་པར་དང་སྦྲག་སྲིད་ཡིག་སྒམ་བཀོད་སྒྲིག་བྱས་ཏེ། ལྟ་སྐུལ་ཞིབ་བཤེར་བྱེད་སའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཕྱོགས་ཀྱི་ཞུ་གཏུགས་འཕྲིན་ཡིག་དང་ཁ་པར་གྱི་ལམ་ནས་དང་ལེན་བྱེད་རྒྱུ་ཡིན་པ་དང་། ཁ་པར་དང་ལེན་བྱེད་པའི་དུས་ཚོད་ནི་ཉིན་རེའི་ཆུ་ཚོད8:00—20:00བར་ཡིན། ལྟ་སྐུལ་ཞིབ་བཤེར་ཚན་ཆུང་སོ་སོས་བསྟན་དོན། ལྟ་སྐུལ་ཞིབ་བཤེར་ཚན་ཆུང་གི་ཁོངས་མི་ཡོངས་ཀྱིས《ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་སྐུལ་ཞིབ་བཤེར་སྒྲིག་ཁྲིམས་གཏན་འཁེལ》ལག་བསྟར་ནན་མོ་བྱེད་པ་དང་། ལྟ་སྐུལ་ཞིབ་བཤེར་དང་ལེན་བྱེད་པའི་ས་ཁུལ་དང་སྤྱི་ཚོགས་ཀྱིས་ལྟ་སྐུལ་ཞིབ་བཤེར་དང་ལེན་བྱེད་རྒྱུ་ཡིན།།

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།