ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱི་རྨོ་ཞིང་གི་བཟུང་གསབ་དོ་མཉམ་གནས་ཚུལ་སྤྱི་ཚོགས་ཡོངས་ལ་ཁྱབ་བསྒྲགས་བྱེད་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2021-04-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ4པའི་ཚེས12ཉིན། རྨོ་ཞིང་གི་བཟུང་གསབ་དོ་མཉམ་ཚད་ལྡན་ཡོང་ཞིང་། སྤྱི་ཚོགས་ཀྱི་ལྟ་སྐུལ་ནུས་བ་འདོན་སྤེལ་བྱེད་ཆེད། རང་བྱུང་ཐོན་ཁུངས་པུས་རང་འགུལ་ངང་ཁ་གསབ་རྨོ་ཞིང་རྣམ་གྲངས་དང་ས་ཞིང་ཆ་འཕྲིན་ཡོངས་བསྒྲགས་བྱ་རྒྱུ་རེད། 

ཚེས12ཉིན་གསར་འགོད་པས་རང་བྱུང་ཐོན་ཁུངས་པུའུ་ནས་ཤེས་གསལ་ལྟར་ན། ཐེངས་དང་པོར་ཡོངས་བསྒྲགས་བྱས་པའི་ཁ་གསབ་རྨོ་ཞིང་རྣམ་གྲངས1200དང་ས་ཞིང་ཆ་འཕྲིན་ཕྱིར་གཏོང་བྱས་ཡོད་པ་རེད། རང་བྱུང་ཐོན་ཁུངས་པུའི་དྲ་ཚིགས་ཀྱིས་ད་དུང་བསམ་འཆར་བསྡུ་ལེན་གྱི་ནུས་པ་བཏོན་ནས་ལས་རིགས་སོ་སོའི་ལྟ་སྐུལ་དང་ལེན་བྱེད་བཞིན་ཡོད། རྨོ་ཞིང་བཟུང་གསབ་དོ་སྙོམས་ཐད་གནད་དོན་ཤེས་རྟོགས་བྱུང་བ་མ་ཟད་མཐར་ཞིབ་བཤེར་གཏན་འབེབས་བྱས་ནས་དོན་དངོས་དང་མཐུན་ཚེ། རང་བྱུང་ཐོན་ཁུངས་པུས་ས་གནས་ལ་བཅོས་སྒྲིག་ཐག་གཅོད་བྱ་རྒྱུར་ལྟ་སྐུལ་བྱ་རྒྱུ་དང་། ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ཤེས་རྟོགས་བྱུང་ཚེ། འབྲེལ་ཡོད་ལས་ཁུངས་ལ་སྤྲད་དེ་འགན་འཁྲི་སྔར་བས་རྩད་གཅོད་བྱ་རྒྱུ་ཡིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།  རྨོ་ཞིང་ཁ་གསབ་དངོས་འབྲེལ་ཡིད་རྟོན་རུང་བར་འགན་ལེན་བྱ་ཆེད། རང་བྱུང་ཐོན་ཁུངས་པུས་ལོ3ལ་བསྟུད་མར་རྨོ་ཞིང་ཁ་གསབ་རྒྱག་པའི་ཞིབ་བཤེར་ལས་དོན་སྤེལ་རྒྱུ་རེད།  2018ལོར་རྣམ་གྲངས6203དངོས་སུ་ཞིབ་དཔྱད་བྱས་པ་བརྒྱུད། རྨོ་ཞིང་ཁ་གསབ་བྱེད་པའི་རྣམ་གྲངས་རྫུན་མ10ཟིན་པ་དང་། 2019ལོར་རང་བྱུང་ཐོན་ཁུངས་ལྟ་ཞིབ་མ་ལག་གིས་སྐབས་བསྟུན་གྱིས2017ལོའི་རྨོ་ཞིང་ཁ་གསབ་རྣམ་གྲངས7214དངོས་སུ་ཞིབ་དཔྱད་བྱས་པས།  རྨོ་ཞིང་རྒྱ་ཁྱོན་མུའུ་ཁྲི245.1དང་འབྲེལ་བ་ཡོད།  རྨོ་ཞིང་ཁ་གསབ་རྫུན་མ་མུའུ་ཁྲི8.3ཡོད། དེས་ཞིབ་བཤེར་རྒྱ་ཁྱོན་གྱི3.4ཟིན་ཡོད།  2019ལོའི་ཟླ3པ་ནས་བཟུང་། དུས་ཡུན་ལོ་གཅིག་གི་རིང་ལ། འཁོར་སྐར་གྱི་རྒྱང་ཚོར་བརྙན་རིས་ལ་བརྟེན་ནས། རྒྱལ་ཁབ་ཀྱི་མངའ་ཁོངས་བརྟག་དཔྱད་ཐེངས་གསུམ་པ་དང་ཟུང་འབྲེལ་བྱས་ཏེ། རྒྱལ་ཡོངས་ཀྱི་ས་གནས་སོ་སོས་བཟུང་གསབ་དོ་མཉམ་ཐད་སྤྱོད་རྩིས་ཡོད་པའི་རྣམ་གྲངས་ཁྲི9.6ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་པ་རེད། རྨོ་ཞིང་རྒྱ་ཁྱོན་མུའུ་ཁྲི1800དང་འབྲེལ་བ་ཡོད་ལ། ཁ་གསབ་རྫུན་མ་མུའུ་ཁྲི31.4ཞིབ་དཔྱད་བྱས་ནས་ཤེས་རྟོགས་བྱུང་བ་རེད། དེས་ཞིབ་བཤེར་རྒྱ་ཁྱོན་གྱི1.7ཟིན་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།