དབུལ་ཐར་རྫོང་དུ་མུ་མཐུད་དུ་ནོར་སྲིད་ཀྱི་ཞིང་ལས་དང་འབྲེལ་བའི་མ་དངུལ་ཚོད་ལྟའི་སྲིད་ཇུས་གཅིག་བསྡུས་ངང་ལག་བསྟར་བྱེད་རྒྱུ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས12ཉིན། ནོར་སྲིད་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ནོར་སྲིད་པུའུ་དང་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་སོགས་སྡེ་ཁག11གིས་ཉེ་ཆར་མཉམ་འབྲེལ་སྒོས་བརྡ་སྦྱོར་སྤེལ་དོན། 2021ལོ་ནས2023ལོར། དབུལ་ཐར་རྫོང་གིས་མུ་མཐུད་དུ་ནོར་སྲིད་ཀྱི་ཞིང་ལས་དང་འབྲེལ་བའི་མ་དངུལ་ཚོད་ལྟའི་སྲིད་ཇུས་གཅིག་བསྡུས་ངང་ལག་བསྟར་བྱེད་པ་དང་། 2024ལོ་ནས2025ལོར། སྲིད་ཇུས་ལག་བསྟར་ཁྱབ་ཁོངས་གཅིག་བསྡུས་དེ་ཀྲུང་དབྱང་གི་གཏན་འཁེལ་བྱས་པའི་རྒྱལ་ཁབ་གྲོང་གསེབ་དར་རྒྱས་ཀྱི་གཙོ་གནད་དབུལ་སྐྱོར་རྫོང་དུ་སྙོམས་སྒྲིག་བྱས་ཏེ། གཏན་འཇགས་ངང་བར་བརྒལ་བྱེད་པར་ཁག་ཐེག་བྱེད་རྒྱུ་རེད།

བརྡ་སྦྱོར་ལས། ཚོད་ལྟའི་ཁྱབ་ཁོངས་ཀྱི་མ་དངུལ་གཅིག་བསྡུས་ལ་རིམ་པ་སོ་སོའི་ནོར་སྲིད་ཀྱིས་ཞིང་ལས་ཐོན་སྐྱེད་འཕེལ་རྒྱས་དང་ཞིང་སྡེའི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་སོགས་ཐད་ཀྱི་མ་དངུལ་བཀོད་སྒྲིག་བྱས་ཡོད། ས་གནས་ཀྱི་རིམ་པ་སོ་སོའི་ནོར་སྲིད་སྡེ་ཁག་གིས་ས་གནས་ཀྱི་དོན་དངོས་དང་ཟུང་འབྲེལ་སྒོས། རིམ་པ་འདིའི་མ་དངུལ་གཅིག་བསྡུས་ཁྱབ་ཁོངས་གསལ་བོར་བྱས་ཡོད། སློབ་གསོ་དང་སྨན་བཅོས། འཕྲོད་བསྟེན་སོགས་སྤྱི་ཚོགས་ལས་དོན་ཐད་ཀྱི་མ་དངུལ་ཀྱང་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་ཀྱི་ལས་འགན་ལ་ཟུང་འབྲེལ་སྒོས། གཙོ་གནད་འབུར་ཐོན་དང་གཅིག་བསྡུས་སྒོས་ནུས་ཤུགས་བཏོན་ནས། འདུས་ཤུགས་ཆགས་སུ་འཇུག་དགོས། ཀྲུང་དབྱང་དང་ཞིང་ཆེན། གྲོང་ཁྱེར་རིམ་པའི་ནོར་སྲིད་ཀྱིས་དངུལ་གཏོང་གི་སྤྱིའི་ཆ་གཏན་འཇགས་ཡིན་པའི་རྨང་གཞིའི་སྟེང་། མུ་མཐུད་དུ་སྲིད་ཇུས་ཀྱི་བླང་བྱ་ལྟར་ཆ་རྐྱེན་དང་མཐུན་པའི་དབུལ་ཐར་རྫོང་ལ་ཁ་ཕྱོགས་དགོས་ཞེས་གསལ་བོར་བསྟན་ཡོད། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།