ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱི་རྒྱལ་ཁབ་ནགས་ཚལ་གྲོང་ཁྱེར194ལ་སླེབས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-04-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་སོགས་སྡེ་ཁག་གིས་གཙོ་སྒྲུབ་བྱས་པའི་སྐབས་གཉིས་པའི་རྒྱལ་སྤྱིའི་ནགས་ཚལ་གྲོང་ཁྱེར་གྱི་ཚོགས་ཆེན་ཅང་སུའུ་ཞིང་ཆེན་ནན་ཅིན་གྲོང་ཁྱེར་དུ་ཚོགས་མགོ་བརྩམས་ཤིང་། ཚོགས་ཆེན་གྱི་བརྗོད་བྱ་ནི“ནགས་ཚལ་གྲོང་ཁྱེར་དང་གྲོང་ཁྱེར་གྱི་འཚོ་བ”ཞེས་པ་དེ་ཡིན།

རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་ཀོན་ཀྲི་ཨོའུ་ཡིས་ཚོགས་ཆེན་སྟེང་བསྟན་དོན། མིག་སྔར་ཀྲུང་གོ་རུ་གྲོང་ཁྱེར194ནི་རྒྱལ་ཁབ་ནགས་ཚལ་གྲོང་ཁྱེར་ཡིན་ཞིང་། ཞིང་ཆེན17དུ་ནགས་ཚལ་གྲོང་ཁྱེར་ཚོགས་པའི་འཛུགས་སྐྲུན་སྤེལ་ཡོད། རྒྱལ་ཡོངས་ཀྱི་གྲོང་ཁྱེར་འཛུགས་སྐྲུན་ཁུལ་ལ་ལྗང་སྒྱུར་ཁེབས་ཚད10.1%ནས41.1%བར་ཇེ་མཐོར་སོང་ཡོད་པས། འཚོ་སྡོད་ཁོར་ཡུག་མུ་མཐུད་དུ་ཇེ་ལེགས་སུ་འགྲོ་བཞིན་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།