ཀྲུང་གོ་བོད་ཀྱི་དྲ་བ།

ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སློབ་གསོ་ཅུས་ཅུས་ཀྲང་གིས་རྒྱལ་ཁབ་བདེ་འཇགས་སློབ་གསོ་ནི་རྒྱལ་དམངས་སློབ་གསོའི་མེད་དུ་མི་རུང་བའི་ཆ་ཤས་ཤིག་རེད་ཟེར།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-04-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་གཞུང་སློབ་གསོ་ཅུས་ཅུས་ཀྲང་དབྱང་རུན་ཞུང་གིས་ཚེས11ཉིན་བསྟན་དོན། རྒྱལ་ཁབ་བདེ་འཇགས་སློབ་གསོ་ནི་རྒྱལ་དམངས་སློབ་གསོའི་ཆ་ཤས་ཤིག་ཡིན་ཞིང་། དེ་གཉིས་ཁ་བགར་མི་རུང་བས། ངེས་པར་དུ་སློབ་མའི་རྒྱལ་ཁབ་ཀྱི་འདུ་ཤེས་དང་མི་རིགས་ཀྱི་བརྩེ་དུང་། རྒྱལ་དམངས་ཐོབ་ཐང་ངོས་ལེན་བཅས་ཤུགས་ཆེན་པོས་གསོ་སྐྱོང་བྱེད་པ་དང་མཉམ་དུ་རྒྱལ་ཁབ་བདེ་འཇགས་ཀྱི་འདུ་ཤེས་དང་འགན་འཁྲི་འདུ་ཤེས་སྲུང་སྐྱོང་བྱས་ཏེ། སློབ་མར་རྒྱལ་ཁབ་ཀྱི་འདུ་ཤེས་དང་ཁྲིམས་སྐྱོང་གོང་བཀུར། བཅའ་ཁྲིམས་བརྩི་སྲུང་བྱེད་པའི་སྤྱི་དམངས་ལེགས་པོ་ཞིག་བྱེད་དགོས་ཞེས་བསྟན། 

དབྱང་རུན་ཞུང་གིས་ཉིན་དེར་སྤེལ་བའི་དྲ་བའི་ཉིན་ཐོའི་ཁྲོད་བསྟན་དོན། ད་ལོའི་ཟླ4བའི་ཚེས15ཉིན་ནི་རྒྱལ་ཁབ་ཀྱི་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ་ཐེངས་དྲུག་པ་ཡིན་པ་མ་ཟད། ཞང་ཀང་གི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ལག་བསྟར་བྱས་པའི་རིང་གི་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ་ཐོག་མ་ཡིན། སློབ་གྲྭས་སློབ་མར་ཞང་ཀང་པར་ཡང་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་གི་འགན་འཁྲི་ཡོད་པ་མ་ཟད། “རྒྱལ་གཅེས་པས་ཞང་ཀང་བཅོས་སྐྱོང”གི་རྩ་དོན་འོག “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ལག་བསྟར་བྱས་ཏེ། རྒྱལ་ཁབ་དང་ཞང་ཀང་སྤྱི་ཚོགས་ཀྱི་ཡར་རྒྱས་དང་རྒྱུན་མཐུད་འཕེལ་རྒྱས་ཐད་བྱས་རྗེས་འཇོག་དགོས་པ་གསལ་བོར་ཤེས་སུ་འཇུག་དགོས་ཞེས་བསྟན།

དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོའི་ཐོན་ལ་ཉེ་བའི་སྐབས་འདིར། དབྱང་རུན་ཞུང་གིས་བསྟན་དོན། སློབ་གྲྭའི་ཕྱོགས་ཀྱིས་རྒྱལ་དར་བསྒྲེང་པ་དང་རྒྱལ་གླུ་དཀྲོལ་བ། རྒྱལ་ཁབ་བདེ་འཇགས་ཀྱི་གལ་ཆེའི་འདུ་ཤེས་ཞིབ་བརྗོད་བྱེད་པ་སོགས་ཀྱི་འབྲེལ་ཡོད་བྱ་འགུལ་སྤེལ་ཆོག དེ་ལས་གཞན། སློབ་གསོ་ཅུས་ཡིས“རྒྱལ་ཁབ་བདེ་འཇགས་སློབ་རའི་གྱང་རིས་འཆར་འགོད་འགྲན་བསྡུར”དང“2021ལོའི‘དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོའི’དྲ་སྟེང་གི་དྲིས་ལན་འགྲན་བསྡུར”སྤེལ་བཞིན་ཡོད་པས། སློབ་གྲྭ་དང་སློབ་གྲོགས་ཚོ་ཞུགས་པར་དགའ་བསུ་ཞུ་བཞིན་ཡོད་ཅེས་བསྟན། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།