ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྲུང་རྐྱེན་སྲོལ་གྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-04-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བཞི་བའི་ཚེས་བཅུ་གཅིག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྲུང་རྐྱེན་སྲོལ་གྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་འགོག་སྨན་རྒྱག་པའི་གནས་ཚུལ་སོགས་མཚམས་སྦྱོར་བྱས། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་བསྒྲགས་པ་ལྟར་ན། ཉེ་ལམ། འཛམ་གླིང་གི་ས་ཁུལ་ཡོངས་སུ་རིམས་ནད་བསྐྱར་འཕར་འབྱུང་བའི་ཉེན་ཁ་བྱུང་བཞིན་ཡོད་ལ་རང་རྒྱལ་གྱི་མཐའ་མཚམས་གྲོང་ཁྱེར་རོས་ལེ་ལ་འདུ་ཚོགས་རང་བཞིན་གྱི་རིམས་ནད་བསྐྱར་འཕར་བྱུང་། དེ་ལས་རྒྱལ་ཁབ་ཕྱིའི་བར་གྱི་ནང་འདྲེན་གྱི་བྱ་བའི་གནོན་ཤུགས་སྔར་བཞིན་ལྕི་ལ་རིམས་འགོག་གི་བྱ་བར་ལྷོད་གཡེང་བྱེད་མི་རུང་ཞིང་། འགོག་སྨན་རྒྱག་པ་ནི་རིམས་ནད་སྔོན་འགོག་གི་བྱེད་ཐབས་ལེགས་ཤོས་ཡིན།  རང་རྒྱལ་གྱིས་འགོག་སྨན་རྒྱག་པའི་བྱ་བ་དེང་དུ་བླངས་ཏེ་གནད་ས་འབུར་ཐོན་རེད། བདེ་འཇགས་ཁེག་ཐག་ཐད་རིན་མི་ལེན་པར་རང་མོས་ཀྱི་རྩ་དོན་ལྟར་པྲོག་གསར་རིམས་ནད་ཀྱི་འགོག་སྨན་རྒྱག་པའི་བྱ་བ་མགྱོགས་མྱུར་ངང་སྤེལ་བཞིན་ཡོད།

སློབ་གསོ་པུའུ་ཡིས་བསྒྲགས་པ་ལྟར་ན། 2021ལོའི་རྒྱལ་ཡོངས་མཐོ་རྒྱུགས་ཟླ་དྲུག་པའི་ཚེས་དྲུག་དང་བདུན། བརྒྱད་བཅས་ལ་སྤེལ་རྒྱུ་ཡིན།  རྒྱུགས་ཤོག་དང་རྒྱུགས་ར། རྒྱུགས་ཤོག་བལྟ་ས་སོགས་ཡུལ་གནས་གཙོ་བོའི་རིམས་ནད་སྔོན་འགོག་གི་བྱ་བ་རྒྱལ་ཁབ་ཀྱི་འབྲེལ་ཡོད་བླང་བྱ་ལྟར་བཀོད་སྒྲིག་བྱེད་དགོས་ཤིང་རྒྱུགས་ཞུགས་སློབ་མ་དང་འབྲེལ་ཡོད་ལས་བྱེད་པའི་ཚེ་སྲོག་བདེ་འཇགས། མཐོ་རྒྱུགས་བྱ་བ་བཅས་བདེ་འཇགས་ངང་སྤེལ་བར་ཁེག་ཐག་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།