ཀྲུང་གོ་བོད་ཀྱི་དྲ་བ།

གྲངས་འཛིན་པར་སྐྲུན་ལེགས་ཤོས་བརྒྱའི་ལས་གཞི་ཡིས་ཏང་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པར་ལེགས་སྐྱེས་འབུལ་བའི་ཆེད་སྒྲིག་དྲ་ཐོག་ཏུ་མགོ་བརྩམས།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-04-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་གསར་འགྱུར་པར་སྐྲུན་ཧྲུའུ་ཡིས་རྩ་འཛུགས་བྱས་པའི“ལོ་ངོ་བརྒྱའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ། གྲངས་འཛིན་པར་སྐྲུན་ལེགས་ཤོས་བརྒྱའི་ལས་གཞི་ཡིས་ཏང་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པར་ལེགས་སྐྱེས་འབུལ་ཞེས་པའི་ཆེད་སྒྲིག”དེ་ཚེས11ཉིན་དངོས་སུ་མགོ་བརྩམས། ཀྲུང་དབྱང་གི་གཙོ་གནད་གསར་འགྱུར་དྲ་ཚིགས་དང་གཙོ་གནད་གྲངས་འཛིན་དཔེ་ཀློག་སྟེགས་བུ། སྨྱན་བྱད་གསར་བའི་དྲ་ཚིགས་སོགས་དྲ་རྒྱའི་སྟེགས་བུ19ཡིས་དུས་མཉམ་དུ་ཆེད་སྒྲིག་བཟོ་འགོད་བྱས་ཏེ། གྲངས་འཛིན་པར་སྐྲུན་ལེགས་ཤོས་ལས་གཞི100གཅིག་བསྡུས་སྒོས་བཏོན་པ་དང་། དེ་རིང་ནས་བཟུང་སྤྱི་ཚོགས་ཡོངས་སུ་རིན་མེད་ངང་ཉིན100ལ་སྒོ་འབྱེད་རྒྱུ་རེད། 

མཚམས་སྦྱོར་བྱས་པ་ལྟར་ན། གྲངས་འཛིན་པར་སྐྲུན་ལས་གཞི་ལེགས་ཤོས100དེ་ལས་གཞི1000ཡི་ཁྲོད་ནས་ལེགས་འདེམས་བྱས་ཏེ་ཐོན་པ་དང་། དེར་གྲངས་འཛིན་མཛོད་དང་གྲངས་འཛིན་པར་སྐྲུན་སྟེགས་བུ། ARཔར་སྐྲུན་དངོས་པོ། མཉམ་འདྲེས་སྨྱན་བྱད་པར་སྐྲུན་དངོས་པོ། སྒྲ་ལྡན་ཀློག་དེབ་སོགས་འདུ་ཞིང་། གཅིག་བསྡུས་སྒོས་གྲངས་འཛིན་པར་སྐྲུན་གྱིས་དུས་རབས་གསར་བར་བསྟོད་གླུ་ལེན་པ་དང་། དགོས་མཁོ་གསར་བ་བསྐངས་པའི་ཕུལ་བྱུང་གྲུབ་འབྲས་འགྲེམ་སྟོན་བྱས་ནས། གྲངས་འཛིན་པར་སྐྲུན་ལེགས་ཤོས་བརྒྱ་ཡིས་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་ལེགས་སྐྱེས་འབུལ་རྒྱུ་རེད།།

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།