ཀྲུང་གོ་བོད་ཀྱི་དྲ་བ།

ལའོ་ཝུའོ་རྒྱལ་ཁབ་ཀྱི་ཆེད་མཁས་པས་ལའོ་ཝུའོ་ཕྱོགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་འཕེལ་རྒྱས་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་པར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ཅེས་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-04-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ལའོ་ཝུའོ་རྒྱལ་ཁབ་ཆབ་སྲིད་སྲིད་འཛིན་སློབ་གླིང་གི་ཡོན་ཀྲང་ཕུའུ་ཧྥུན་གྱིས་ཉེ་ལམ་བཤད་དོན། ལའོ་ཝུའོ་མི་དམངས་གསར་བརྗེ་ཏང་གིས་ཀྲུང་གོ་གུང་ཁྲན་ཏང་གི་འཕེལ་རྒྱས་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་པར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ལོ་བརྒྱའི་ཏང་གི་འོད་སྟོང་འབར་བའི་ལོ་རྒྱུས་དང་རླབས་ཆེན་གྲུབ་འབྲས་ལ་ཡིན་སྨོན་བྱེད་ཀྱིན་ཡོད་ཟེར།

ལའོ་ཝུའོ་ན་ཡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཚེས་བཅུ་ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་མཚམས་སྦྱོར་བྱས་དོན། ལའོ་ཝུའོ་རྒྱལ་ཁབ་ཆབ་སྲིད་སྲིད་འཛིན་གླིང་གིས་ཚེས་བརྒྱད་ཉིན་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་བརྒྱ་ལོན་པར་བསུ་མ་བྱེད་པ་དང་ལའོ་ཝུའོ་དང་ཀྲུང་གོ་ཕྱོགས་གཉིས་ཀྱི་ཏང་འཛུགས་ཉམས་མྱོང་བརྗེ་རེས་བགྲོ་གླེང་ཚོགས་འདུ་བསྡུས་པ་དང་། ལའོ་ཝུའོ་ན་ཡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཅང་ཙེ་ཏུང་གདན་དྲངས་ནས་བརྗོད་དོན་སྙན་ཞུ་ཕུལ།

ཕུའུ་ཧྥིན་གྱིས་བཤད་དོན། ལའོ་ཝུའོ་ཏང་གིས་ཀྲུང་གོ་གུང་ཁྲན་ཏང་གི་འཕེལ་རྒྱས་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་པར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ལོ་བརྒྱའི་ཏང་གི་འོད་སྟོང་འབར་བའི་ལོ་རྒྱུས་དང་རླབས་ཆེན་གྲུབ་འབྲས་ལ་ཡིན་སྨོན་བྱེད་ཀྱིན་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་ཡང་དག་པའི་མགོ་ཁྲིད་ནི་ཀྲུང་གོས་རླབས་ཆེན་གྲུབ་འབྲས་བླངས་པའི་རྒྱུ་རྐྱེན་གཙོ་བོ་རེད། ལའོ་ཝུའོ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཏང་སྐྱོང་རྒྱལ་སྐྱོང་དང་སྲིད་འཛིན་ཉམས་མྱོང་བརྗེ་རེས་རྒྱ་ཆེར་སྤེལ་བ་དང་། གུང་ཁྲན་ཏང་གི་མགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ཏེ། ལའོ་ཝུའོ་དང་ཀྲུང་གོ་བར་གྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་དང་ལས་སྐལ་གཅིག་མཐུན་ཚོགས་པའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།