རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཚེས་བཅུ་ཉིན་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་བཅུ་ཇེ་མང་དུ་སོང་བ་ཁྱབ་སྒྲོག་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཚེས་བཅུ་གཅིག་ཉིན་ཁྱབ་བསྒྲགས་བྱས་དོན།  ཟླ་བཞི་པའི་ཚེས་བཅུ་ཉིན་གྱི་དུས་ཚོད་ཉེར་བཞིའི་རིང་ལ། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་སོ་གཅིག་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་བཅས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་བཅུ་ཇེ་མང་དུ་སོང་བ་ཡར་ཞུ་བྱས་པ་དང་།  ཚང་མ་ཕྱི་ནས་མཆེད་པའི་ནད་པ་ཡིན་ལ། ཧྲང་ཧེ་རུ་ནད་པ་གཉིས་དང་། པེ་ཅིང་དུ་ནད་པ་གཅིག   ཀོང་ཏུང་དུ་ནད་པ་གཅིག   ཀོང་ཞི་རུ་ནད་པ་གསུམ། ཐེན་ཅིན་དུ་ནད་པ་གཅིག སི་ཁྲོན་དུ་ནད་པ་གཅིག ཧྲན་ཞི་རུ་ནད་པ་གཅིག་བཅས་བྱུང་།

ཉིན་དེར་དྲག་སྐྱེད་བྱུང་བའི་ནད་པ་བདུན་སྨན་ཁང་ནས་ཕྱིར་བུད་པ་དང་། འབྲེལ་འདྲིས་མཁན་མི་བཞི་བརྒྱ་དང་གྱ་བདུན་ལ་གསོ་རིག་ཐད་ནས་བརྟག་དཔྱད་བྱས་རྗེས་རིམས་ནད་འགོས་མེད་པར་ཐག་བཅད་ཅིང་། ནད་པ་ལྗིད་མོའི་གྲངས་ཀ་ཉིན་སྔོན་མ་དང་སྡུར་ན་ནད་པ་གཅིག་གི་ཇེ་མང་ལ་སོང་།

ད་ལྟ་ཕྱི་ནས་མཆེད་པའི་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་ཉིས་བརྒྱ་དང་གཉིས་ཡོད་ལ།  བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་སྟོང་ལྔ་དང་བཞི་བརྒྱ་ཉེར་གཅིག་ཡོད་པ་དང་།  དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་ཕྱིར་བུད་པའི་ནད་པ་བསྡོམས་པས་སྟོང་ལྔ་དང་ཉིས་བརྒྱ་དང་བཅུ་དགུ་ལ་སླེབས་པ་དང་རྐྱེན་ལམ་དུ་ཤོར་བ་གཅིག་ཀྱང་མེད།

ཞང་ཀང་དང་ཨོ་མིན། ཐེ་ཝན་བཅས་ས་ཁུལ་གྱིས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་བསྡོམས་པས་ཁྲི་གཅིག་དང་སྟོང་གཉིས་དྲུག་བརྒྱ་དོན་གསུམ་ཡར་ཞུ་བྱས་ཤིང་དེའི་ནང་དུ་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་ནད་པ་ཁྲི་གཅིག་དང་སྟོང་གཅིག་ལྔ་བརྒྱ་རེ་བརྒྱད་ཡོད་པ་དང་། ནད་པ་ཁྲི་གཅིག་དང་སྟོང་གཅིག་བརྒྱ་དང་གོ་གསུམ་སྨན་ཁང་ནས་ཕྱིར་བུད་པ། ནད་པ་ཉིས་བརྒྱ་དང་བདུན་རྐྱེན་ལམ་དུ་ཤོར། ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་ནད་པ་ཞེ་དགུ་ཡོད་པ་དང་། ནད་པ་ཞེ་བརྒྱད་སྨན་ཁང་ནས་ཕྱིར་བུད། ཐེ་ཝན་ས་ཁུལ་དུ་ནད་པ་སྟོང་གཅིག་དང་ང་དྲུག་ཡོད་པ་དང་ནད་པ་སྟོང་གཅིག་དང་ཉི་ཤུ་སྨན་ཁང་ནས་ཕྱིར་བུད་པ། ནད་པ་བཅུ་རྐྱེན་ལམ་ཤོར།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།