ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་ཀྱིས་གཟའ་འཁོར་གཉིས་ཀྱི་གྲོས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-04-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གཟའ་འཁོར་གཉིས་ཀྱི་གྲོས་མོལ་ཚོགས་འདུ་ཐེངས་ཞེ་བདུན་པ་ཚེས་དགུ་ཉིན་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚོགས་འདུར་འགོ་འཛིན་བྱས་ཏེ་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་དང་འབྲེལ་བའི་རྒྱས་བཤད་གལ་ཆེན་ལ་གོ་བ་ཡང་དག་ལེན་དགོས་པ་དང་། ཆབ་སྲིད་ཀྱི་མཐོ་ཚད་ནས་མི་རིགས་ས་ཁུལ་གྱི་ལས་ཞུགས་གནད་དོན་སྐོར་གྱི་དམིགས་བསལ་གལ་ཆེན་རང་བཞིན་ལ་ངོས་ཟིན་ཟབ་མོ་ཡོད་པར་བྱེད་པ། མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱེད་པ། དངོས་ཡོད་ནས་མགོ་རྩོམ་པ་དང་གནད་འཁེལ་ཇུས་བསྟར་རྒྱུན་འཁྱོངས་བྱེད་པ། མཁོ་འདོན་ཕྱོགས་གཉིས་ཀར་ཤུགས་འདོན་པ་རྒྱུན་འཁྱོངས་བྱེད་པ། རང་རྒྱལ་གྱི་ཆབ་སྲིད་དགེ་མཚོན་དང་ལམ་ལུགས་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ། མི་རིགས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་ལས་ཞུགས་ལ་སྔར་ལས་སྐུལ་འདེད་གཏོང་བར་འབད་དེ། རིགས་སོ་སོའི་མི་དམངས་ལ་བདེ་སྐྱིད་འཚོ་བ་མཉམ་སྐྲུན་དང་བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་དུ་ལོངས་སྤྱོད་བྱེད་དུ་འཇུག་དགོས་ཟེར།

ཨུ་ཡོན་དགུ་དང་ཆེད་དུ་གདན་དྲངས་པའི་མི་སྣས་ཚོགས་འདུའི་བརྗོད་དོན་དཀྱིལ་སྙིང་དུ་བཟུང་སྟེ་ཟུར་མི་འདྲ་བའི་སྒོ་ནས་བློ་འདོན་ཇུས་འབུལ་བྱས། ཨུ་ཡོན་བརྒྱ་ལ་ཉེ་བས་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་དྲ་ལམ་འགན་སྟེགས་བརྒྱུད་དེ་བསམ་འཆར་བཤད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།