ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཚེས9ཉིན་ཁྱབ་བསྒྲགས་བྱས་དོན། ཟླ4པའི་ཚེས8ཉིན་གྱི་དུས་ཚོད་ཉེར་བཞིའི་རིང་ལ། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་སོ་གཅིག་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་བཅས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་ཉེར་གཅིག་ཇེ་མང་དུ་སོང་བ་ཡར་ཞུ་བྱས་པ་དང་། དེའི་ནང་དུ་ཕྱི་ནས་མཆེད་པའི་ནད་པ་བཅུ་གསུམ་ཡོད་ལ། ཧྲང་ཧེ་རུ་ནད་པ་གསུམ་དང་། པེ་ཅིང་དུ་ནད་པ་གཅིག ཀོང་ཏུང་དུ་ནད་པ་བཞི། ཧྥུའུ་ཅན་དུ་ནད་པ་གཅིག ཧྲའན་ཞི་རུ་ནད་པ་གཉིས། ཧུའུ་ནན་དུ་ནད་པ་གཅིག ཧྲན་ཞི་རུ་ནད་པ་གཅིག་བཅས་བྱུང་། རང་ས་གནས་ཀྱི་ནད་པ་བརྒྱད་ཡོད་ལ། ཚང་མ་ཡུན་ནན་ནས་བྱུང་བ་རེད།
ཉིན་དེར་དྲག་སྐྱེད་བྱུང་བའི་ནད་པ་ལྔ་སྨན་ཁང་ནས་ཕྱིར་བུད་པ་དང་། འབྲེལ་འདྲིས་མཁན་མི་བཞི་བརྒྱ་དང་རེ་དྲུག་ལ་གསོ་རིག་ཐད་ནས་བརྟག་དཔྱད་བྱས་རྗེས་རིམས་ནད་འགོས་མེད་པར་ཐག་བཅད་ཅིང་། ནད་པ་ལྗིད་མོའི་གྲངས་ཀ་ཉིན་སྔོན་མ་དང་སྡུར་ན་ནད་པ་གཅིག་གི་ཇེ་མང་ལ་སོང་།
ད་ལྟ་ཕྱི་ནས་མཆེད་པའི་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་བརྒྱ་དང་གོ་བཞི་ཡོད་ལ། བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་སྟོང་ལྔ་དང་སུམ་བརྒྱ་གོ་བདུན་ཡོད་པ་དང་། དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་ཕྱིར་བུད་པའི་ནད་པ་བསྡོམས་པས་སྟོང་ལྔ་དང་ཉིས་བརྒྱ་དང་གསུམ་ལ་སླེབས་པ་དང་རྐྱེན་ལམ་དུ་ཤོར་བ་གཅིག་ཀྱང་མེད།
ཞང་ཀང་དང་ཨོ་མིན། ཐེ་ཝན་བཅས་ས་ཁུལ་གྱིས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་བསྡོམས་པས་ཁྲི་གཅིག་དང་སྟོང་གཉིས་དྲུག་བརྒྱ་ཞེ་བརྒྱད་ཡར་ཞུ་བྱས་ཤིང་དེའི་ནང་དུ་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་ནད་པ་ཁྲི་གཅིག་དང་སྟོང་གཅིག་ལྔ་བརྒྱ་ཞེ་དགུ་ཡོད་པ་དང་། ནད་པ་ཁྲི་གཅིག་དང་སྟོང་གཅིག་བརྒྱ་དང་དོན་བཞི་སྨན་ཁང་ནས་ཕྱིར་བུད་པ། ནད་པ་ཉིས་བརྒྱ་དང་ལྔ་རྐྱེན་ལམ་དུ་ཤོར། ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་ནད་པ་ཞེ་བརྒྱད་ཡོད་པ་དང་། ནད་པ་ཞེ་བརྒྱད་སྨན་ཁང་ནས་ཕྱིར་བུད། ཐེ་ཝན་ས་ཁུལ་དུ་ནད་པ་སྟོང་གཅིག་དང་ལྔ་བཅུ་ཡོད་པ་དང་ནད་པ་སྟོང་གཅིག་དང་བདུན་སྨན་ཁང་ནས་ཕྱིར་བུད་པ། ནད་པ་བཅུ་རྐྱེན་ལམ་ཤོར། །
རྩོམ་སྒྲིག་པ། བདེ་ལེགས་མཚོ།
རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཚེས་བརྒྱད་ཉིན་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་ཉེར་གཅིག་ཇེ་མང་དུ་སོང་བ་ཁྱབ་སྒྲོག་བྱས།