ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱི་ཐོན་ལས་དབུལ་སྐྱོར་ལ་གྲུབ་འབྲས་མངོན་གསལ་ཐོབ་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2021-04-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཞིང་ལས་ཞིང་སྡེ་པུའུ་ཡིས་ཚེས8ཉིན་བསྡུས་པའི་དབུལ་ཕོངས་ས་ཁུལ་གྱི་ཐོན་ལས་འཕེལ་རྒྱས་བྱ་བའི་བརྙན་ལམ་ཚོགས་འདུ་སྟེང་ནས་རྒྱུས་ལོན་པ་ལྟར་ན། དབུལ་ཐར་མཁྲེགས་གཏོར་སྐབས་སུ་རང་རྒྱལ་གྱི་ཐོན་ལས་དབུལ་སྐྱོར་བྱ་བར་གྲུབ་འབྲས་མངོན་གསལ་ཐོབ་པ་དང་། དེ་ནི་ཁྱབ་རྒྱ་ཆེས་ཆེ་བ་དང་མི་སྣར་སྣེ་འཁྲིད་བྱེད་ཚད་ཆེས་མང་བ། རྒྱུན་མཐུད་རང་བཞིན་ཆེས་དྲག་པའི་དབུལ་སྐྱོར་བྱེད་ཐབས་སུ་གྱུར་ཡོད། མིག་སྔར། རྒྱལ་ཡོངས་སུ་རིགས་སོ་སོའི་ཁྱད་ལྡན་ཐོན་ལས་ཀྱི་རྟེན་གཞི་ཁྲི30ལས་བརྒལ་བ་བཙུགས་ཡོད་ཅིང་། དབུལ་ཐར་རྫོང་རེ་རེའི་ཁྱད་ཆོས་མངོན་གསལ་ཡིན་ཞིང་། དབུལ་ཕོངས་སྣེ་ཁྲིད་ཀྱི་ཁྱབ་རྒྱ་ཆེ་བའི་གཙོ་རྐང་ཐོན་ལས2ནས3ཡོད། མངགས་ཐོའི་ཐོན་སྐྱེད་དང་མ་རྐང་མཉམ་ལས་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། 72%ཡི་སྔོན་ཆད་ཀྱི་ཚགས་འཛུགས་བྱང་སྒྲིག་ཁྱིམ་ཚང་དབུལ་བོ་དང་ཚོང་གཉེར་གཙོ་གཞི་གསར་བའི་བར་ཁེ་ཕན་གྱི་འབྲེལ་བ་དམ་པོ་བཙུགས་ཡོད། ཞིང་ལས་ཚན་རྩལ་སྡེ་ཁག4400དང་ཆེད་མཁས་པ་ཁྲི1.5ལྷག་ཐོན་ལས་དབུལ་སྐྱོར་ཁྲོད་ཞུགས་ཏེ། རྫོང་ལ་ཆེད་མཁས་པས་མཛུབ་སྟོན་གནང་བ་དང་། སྡེ་བར་འཇོན་མིས་སྣེ་ཁྲིད་བྱེད་པའི་ཐོན་ལས་རོགས་སྐྱོར་གྱི་རྣམ་པ་ཆགས་ཡོད།

རྒྱུས་ལོན་པ་ལྟར་ན། ད་ལྟ་ཀྲུང་དབྱང་ནོར་སྲིད་ཀྱི་ཆེད་སྤྱོད་དབུལ་སྐྱོར་མ་དངུལ་དེ་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་ཁ་གསབ་མ་དངུལ་དུ་ལེགས་སྒྲིག་བྱས་ཡོད་ཅིང་། མ་དངུལ་གྱི་གཞི་ཁྱོན་སྒོར་དུང་ཕྱུར1561བར་རྒྱ་སྐྱེད་ཡོད། དབུལ་ཐར་ས་ཁུལ་གྱི་ཁྱད་ལྡན་ལེགས་ཆར་ཐོན་ལས་སྐྱེད་སྲིང་དང་རྒྱ་སྐྱེད་པར་གཙོ་གནད་དུ་རྒྱབ་སྐྱོར་བྱ་རྒྱུ་གསལ་བོར་གཏན་ཁེལ་བྱས་ཡོད་པ་མ་ཟད། ལོ་རེ་བཞིན་མ་དངུལ་གྱི་བསྡུར་ཚད་ཇེ་མཐོར་གཏོང་རྒྱུ་ཡིན། ཞིང་ལས་ཞིང་སྡེ་པུའུ་ཡིས་རྒྱལ་ཁབ་ཐོན་ལས་ལག་རྩལ་མ་ལག་གི་ཆེད་མཁས་པ་ཆེད་དུ་རྩ་འཛུགས་བྱས་ཏེ། སྔོ་ཚལ་དང་ཇ་ལོ། སྨན་རྫས། གསོན་ཕག་སོགས་གཙོ་རྐང་ཐོན་ལས16ལ་ཞིབ་འཇུག་དང་དབྱེ་ཞིབ་ཟབ་མོ་བྱས་པ་བརྒྱུད། “ལོ་ལྔའི་འཆར་གཞི་བཅོ་ལྔ་བའི”འཕེལ་རྒྱས་མཛུབ་ཁྲིད་བཏོན། དེ་དང་ཆབས་ཅིག དབུལ་ཐར་ས་ཁུལ་གྱི་ཐོན་ལས་འཕེལ་རྒྱས་རྣམ་གྲངས་ཀྱི་དོ་དམ་ལ་ཤུགས་བསྣན་ཏེ། ཐོན་ལས་དེ་ཐོན་ལས་ཕྲེང་འབྲེལ་ཡོངས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།