ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་དུས་རབས་གསར་བའི་མི་དམངས་དམག་དཔུང་གི་བསམ་བློ་ཆབ་སྲིད་སློབ་གསོའི་མ་ལག་གསར་སྐྲུན་བྱེད་པའི་སྐོར་གྱི་བསམ་འཆར་འགྲེམ་སྤེལ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆོག་མཆན་བཀོད་པ་བརྒྱུད། ཉེ་ལམ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་དུས་རབས་གསར་བའི་མི་དམངས་དམག་དཔུང་གི་བསམ་བློ་ཆབ་སྲིད་སློབ་གསོའི་མ་ལག་གསར་སྐྲུན་བྱེད་པའི་སྐོར་གྱི་བསམ་འཆར་འགྲེམ་སྤེལ་བྱས།

བསམ་འཆར་ལས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཞི་ཅིན་ཕིང་གི་སྟོབས་ལྡན་དམག་དཔུང་གི་དགོངས་པ་ལག་བསྟར་ནན་མོ་བྱེད་པ་དང་། ཞི་ཀྲུའུ་ཞིའི་མི་དམངས་དམག་དཔུང་གི་བསམ་བློ་ཆབ་སྲིད་སློབ་གསོའི་བྱ་བར་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པའི་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་རེ་བ་དངོས་འབེབས་གང་ལེགས་བྱེད་དགོས་ལ། ཏང་གིས་དམག་དཔུང་གི་བསམ་བློ་ཆབ་སྲིད་མགོ་ཁྲིད་པར་ཤུགས་སྣོན་རྒྱུ་གཙོར་འཛིན་པ་དང་བཞི་ལྡན་གྱི་དུས་རབས་གསར་བའི་གསར་བརྗེ་དམག་མི་སྐྱེད་སྲིང་བྱེད་པ་དང་བྱང་ཚད་མཐོ་བའི་དམག་དཔུང་འཛུགས་སྐྲུན་བྱེད་པར་དམིགས་ནས། ལངས་ཕྱོགས་བརྟན་པོའི་སྣེ་ཁྲིད་འབུར་དུ་ཐོན་པར་བྱེད་པ་དང་སྟོབས་ལྡན་དམག་དཔུང་གིས་བྱས་རྗེས་བླ་མེད་འཇོག་པ་གཅིག་སྡུད་བྱེད་པ། དྲང་གཞག་གསར་སྐྲུན་རྒྱུན་འཁྱོངས་དང་མ་ལག་བསྐྱར་བཟོ་ལ་ཡིད་འཇོག་བྱེད་པ་དང་། སློབ་གསོའི་འདུ་ཤེས་དང་ནང་དོན། བྱེད་ཐབས། སྟོབས་ཤུགས། བྱ་བའི་འཁོར་སྐྱོད་དང་ལམ་ལུགས་རྐྱེན་སྲོལ་གསར་སྐྲུན་བྱེད་དགོས་པར་མ་ཟད། དུས་རབས་གསར་བའི་མི་དམངས་དམག་དཔུང་གི་བསམ་བློ་ཆབ་སྲིད་སློབ་གསོའི་མ་ལག་གསར་སྐྲུན་བྱེད་པའི་ཁ་ཕྱོགས་སྣེ་ཁྲིད་དང་རྩ་བའི་ལས་འགན། ལག་བསྟར་དུས་ཡུན། གནད་འགག་འདེགས་ཤུགས། བྱེད་ཐབས་སྒྲུབ་སྟངས། ཁག་ཐེག་གལ་ཆེན་བཅས་གཏན་འཁེལ་གསལ་བོ་བྱས་ཡོད།

བསམ་འཆར་ལས་བསྟན་དོན། ངེས་པར་དུ་ཏང་གིས་དུས་རབས་གསར་བའི་སྟོབས་ལྡན་དམག་དཔུང་གི་དམིགས་འབེན་གྱི་བསམ་བློ་ཆབ་སྲིད་སློབ་གསོར་གཅིག་གྱུར་སྒོས་བཀོད་འདོམས་བྱེད་པ་དང་། ཏང་གི་དུས་རབས་གསར་བའི་སྟོབས་ལྡན་དམག་དཔུང་གི་དམིགས་འབེན་མངོན་འགྱུར་བྱེད་པ་དང་མི་དམངས་དམག་དཔུང་དེ་འཛམ་གླིང་ཡོངས་སུ་མིང་གྲགས་ཆེ་བའི་དམག་དཔུང་ཞིག་ཏུ་ཁྱོན་ཡོངས་འཛུགས་སྐྲུན་བྱེད་པར་དམིགས་ནས། ཏང་གི་བཀོད་འདོམས་ལ་ཉན་པའི་རྒྱུན་འཛིན་པ་དང་ནམ་ཡང་རྒྱལ་ཁ་ལེན་ཕོད་པའི་འཐབ་འཛིང་དམག་དཔུང་སྐྱེད་སྲིང་བྱེད་པ་དང་། སྤྱོད་ཚུལ་ལེགས་པའི་དམག་མི་གསར་བཟོ་བྱེད་དགོས།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།