ཀྲུང་གོ་བོད་ཀྱི་དྲ་བ།

ཚེས7ཉིན་ཡུན་ནན་ཞིང་ཆེན་དུ་པྲོག་གསར་གློ་ཚད་ནད་པ11དང་ནད་རྟགས་མེད་པའི་ནད་པ1གསར་སྣོན་བྱུང་བ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-04-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4པའི་ཚེས7ཉིན་གྱི་དུས་ཚོད0ནས་དུས་ཚོད24བར་དུ། ཡུན་ནན་ཞིང་ཆེན་དུ་པྲོག་གསར་གློ་ཚད་ནད་པ11དང་ནད་རྟགས་མེད་པའི་ནད་པ1གསར་སྣོན་བྱུང་ཡོད།

ཟླ4པའི་ཚེས7ཉིན་གྱི་དུས་ཚོད24བར་དུ། ཡུན་ནན་ཞིང་ཆེན་དུ་གཏན་འཁེལ་བྱས་པའི་པྲོག་གསར་གློ་ཚད་ནད་པ79(ཕྱི་ནས་མཆེད་པའི་ནད་པ3དང་རང་སའི་ནད་པ76)ཡོད་པ་དང་། ནད་རྟགས་མེད་པའི་ནད་པ44(ཕྱི་ནས་མཆེད་པའི་ནད་པ19དང་རང་སའི་ནད་པ25)ཡོད་ལ། ཚང་མ་གནས་ཁེལ་སྨན་བཅོས་ལས་ཁུངས་སུ་ལོགས་བཀར་གསོ་བཅོས་དང་གསོ་རིག་ལྟ་ཞིབ་བྱེད་བཞིན་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།