རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕྱིར་སྡོད་གཞུང་ཚབ་ཆེན་མོ་བསྐོ་འཐེན་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འཁེལ་ལྟར་གཤམ་གྱི་ཕྱིར་སྡོད་གཞུང་ཚབ་ཆེན་མོ་བསྐོ་འཐེན་བྱས།

གཅིག ཀྲང་ཅན་གོ་ཡི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་མཐུན་རྒྱལ་ཁབ་བཅའ་སྡོད་བྱེད་པའི་ཆེད་བསྐོས་དབང་ཆ་ཚང་མ་ཡོད་པའི་གཞུང་ཚབ་ཆེན་མོའི་གོ་གནས་ཕྱིར་འཐེན་བྱས་པ་དང་། ལི་པའེ་ཅུན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མོ་རུ་ཐ་ནི་ཡ་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་བཅའ་སྡོད་བྱེད་པའི་ཆེད་བསྐོས་དབང་ཆ་ཚང་མ་ཡོད་པའི་གཞུང་ཚབ་ཆེན་མོར་བསྐོ་གཞག་བྱས།

གཉིས། ཀྲོའུ་ཕིང་ཅན་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་ཀྲེ་རི་ཡ་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་བཅའ་སྡོད་བྱེད་པའི་ཆེད་བསྐོས་དབང་ཆ་ཚང་མ་ཡོད་པའི་གཞུང་ཚབ་ཆེན་མོའི་གོ་གནས་ཕྱིར་འཐེན་བྱས་པ་དང་། ཚུའེ་ཅན་ཁྲུང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་ཀྲེ་རི་ཡ་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་བཅའ་སྡོད་བྱེད་པའི་ཆེད་བསྐོས་དབང་ཆ་ཚང་མ་ཡོད་པའི་གཞུང་ཚབ་ཆེན་མོར་བསྐོ་གཞག་བྱས།

གསུམ། ཧོང་ཆིན་གོ་ཡི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་པ་ཧ་མ་རྒྱལ་ཁབ་བཅའ་སྡོད་བྱེད་པའི་ཆེད་བསྐོས་དབང་ཆ་ཚང་མ་ཡོད་པའི་གཞུང་ཚབ་ཆེན་མོའི་གོ་གནས་ཕྱིར་འཐེན་བྱས་པ་དང་། ཏའེ་ཆིན་ལི(མོ)ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་པ་ཧ་མ་རྒྱལ་ཁབ་བཅའ་སྡོད་བྱེད་པའི་ཆེད་བསྐོས་དབང་ཆ་ཚང་མ་ཡོད་པའི་གཞུང་ཚབ་ཆེན་མོར་བསྐོ་གཞག་བྱས། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།