ཀྲུང་གོ་བོད་ཀྱི་དྲ་བ།

དམངས་སྲིད་པུའུ་ཡིས་རྒྱལ་ཡོངས་རང་བཞིན་གྱི་སྤྱི་ཚོགས་རྩ་འཛུགས་ཁག་གིས་ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པར་ཁ་གཡར་ནས་གང་བྱུང་དུ་དཔྱད་བསྡུར་དང་གཟེངས་བསྟོད་གནང་བར་གཏན་འགོག་བྱ་དགོས་པའི་བླང་བྱ་བཏོན།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-04-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དམངས་སྲིད་པུའུ་ཡིས་ཚེས6ཉིན《སྔར་ལས་ལྷག་པར་སྤྱི་ཚོགས་རྩ་འཛུགས་དོ་དམ་ལ་ཤུགས་སྣོན་དང་སྤྱི་ཚོགས་རྩ་འཛུགས་ཚད་ལྡན་དུ་གཏོང་དགོས་པའི་སྐོར་གྱི་བརྡ་ཁྱབ》བཀྲམ། བརྡ་ཁྱབ་ནང་སྔར་ལས་ལྷག་པར་རྒྱལ་ཡོངས་རང་བཞིན་གྱི་སྤྱི་ཚོགས་རྩ་འཛུགས་ཁག་ལ་གཟེངས་བསྟོད་བྱེད་པར་དོ་དམ་ནན་མོ་བྱ་རྒྱུ་དང་། ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པར་ཁ་གཡར་ནས་གང་བྱུང་དུ་དཔྱད་བསྡུར་དང་གཟེངས་བསྟོད་གནང་བ་སོགས་ཀྱི་བྱ་འགུལ་ལ་གཏན་འགོག་བྱ་དགོས་པའི་བླང་བྱ་བཏོན།

བརྡ་ཁྱབ་ནང་བསྟན་དོན། རྒྱལ་ཡོངས་རང་བཞིན་གྱི་སྤྱི་ཚོགས་རྩ་འཛུགས་ཁག་གིས་འབྲེལ་ཡོད་སྲིད་ཇུས་གཏན་འབེབས་ལ་བརྩི་སྲུང་ནན་མོ་བྱས་ནས་སྒྲིག་འགལ་ངང་སྤེལ་བའི་དཔྱད་བསྡུར་ཚད་ལོན་གཟེངས་བསྟོད་གནང་བར་མཐའ་གཅིག་ཏུ་བཀག་འགོག་དང་ཡོ་བསྲང་བྱེད་དགོས་པ་དང་། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པའི་གོ་སྐབས་དང་བསྟུན་ནས་སྒྲིག་འགལ་ངང་དཔྱད་བསྡུར་དང་། དཔྱད་འདེམས། བྱ་དགའ་དཔྱད་བསྡུར་སོགས་ཀྱི་བྱ་འགུལ་སྣ་ཚོགས་སྤེལ་རྒྱུར་གཏན་འགོག་བྱེད་དགོས། ཆོག་མཆན་ཐོབ་ཟིན་ཀྱང་སོར་འཇོག་བྱས་པའི་དཔྱད་བསྡུར་ཚད་ལོན་གཟེངས་བསྟོད་རིགས་ཀྱི་ནང་དོན་དང་། ཁྱབ་ཁོངས། དུས་འཁོར་སོགས་ལ་ཞིབ་བཤེར་ནན་མོ་བྱས་རྗེས་ད་གཟོད་བྱ་འགུལ་སྤེལ་བ་ལས་རྣམ་གྲངས་ཀྱི་མིང་དང་དུས་འཁོར་སོགས་ལ་གང་འདོད་ལྟར་འགྱུར་ལྡོག་གཏོང་མི་ཆོག་ལ། རྣམ་གྲངས་ཀྱི་ཁྱབ་ཁོངས་རྒྱ་བསྐྱེད་པའམ་ཡང་ན་གང་འདོད་ལྟར་ཡན་ལག་རྣམ་གྲངས་ཇེ་མང་དུ་གཏོང་མི་ཆོག དེ་མིན་ཁྱབ་ཁོངས་ནང་བཅུག་མེད་པའི་དཔྱད་བསྡུར་ཚད་ལོན་གཟེངས་བསྟོད་ཀྱི་རྣམ་གྲངས་ཡོད་དོ་ཅོག་གཉེར་མི་ཆོག་པ་མ་ཟད་རྣམ་གྲངས་ཀྱི་མིང་དང་གཉེར་སྟངས་སྒྱུར་ནས་མུ་མཐུད་དུ་བྱ་འགུལ་སྤེལ་བ་སོགས་གཏན་ནས་བྱ་མི་ཆོག

བརྡ་ཐོའི་ནང་རྒྱལ་ཡོངས་རང་བཞིན་གྱི་སྤྱི་ཚོགས་རྩ་འཛུགས་ཁག་གིས་སྤྱི་ཚོགས་ཀྱི་རྩ་འཛུགས་སོ་སོའི་མི་སྣར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། སྤྱི་ཚོགས་རྩ་འཛུགས་ཀྱིས་ཁྲིམས་འགལ་གྱི་བྱ་འགུལ་སྤེལ་བར་བཀག་འགོག་བྱ་རྒྱུ་ལས་གཞན། སྤྱི་ཚོགས་རྩ་འཛུགས་ལ་ཁྲིམས་འགལ་གྱི“སྟེགས་བུ”འམ་ཡང་ནམགྲིན་ཚབ་པ”བྱེད་དུ་འཇུག་མི་རུང་ལ། ཚོགས་མིའམ་ཡང་ན་ཚོགས་མིའི་སྡེ་ཁག་རྣམས་ཧུར་ཐག་སྒོས་ཁྲིམས་འགལ་གྱི་སྤྱི་ཚོགས་རྩ་འཛུགས་ལ་རྡུང་རྡེག་དང་བཅོས་སྒྲིག་བྱེད་དགོས་པའི་འབོད་སྐུལ་གཏང་ནས་ཁྲིམས་འགལ་གྱི་སྤྱི་ཚོགས་རྩ་འཛུགས་ལ་བཅོས་སྐྱོང་ནན་མོ་བྱས་ཏེ་སྤྱི་ཚོགས་ཀྱི་ཁོར་ཡུག་ལེགས་པོ་ཞིག་སྐྲུན་དགོས་ཞེས་བླང་བྱ་བཏོན། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།