ཀྲུང་གོ་བོད་ཀྱི་དྲ་བ།

གོ་ཧྲིན་ཁུན་གྱིས་མང་ཚོགས་ལ་གནོད་འཚེ་བཟོ་མཁན་གཙང་སེལ་བྱས་ནས་སྲིད་ཁྲིམས་དཔུང་སྡེ་ཡི་རྣམ་པ་བཟང་བོ་སྲུང་སྐྱོབ་བྱེད་དགོས་ཞེས་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-04-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བཞི་པའི་ཚེས་དྲུག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། རྒྱལ་ཡོངས་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གོ་ཧྲིན་ཁུན་གྱིས་རྒྱལ་ཡོངས་ཀྱི་སྐོར་དང་པོའི་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་བྱ་བའི་སྐུལ་སྤེལ་ཚོགས་འདུའི་སྟེང་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། ངོས་འཛིན་སྔར་ལས་མཐོར་འདེགས་སུ་གཏོང་བ་དང་འགན་འཁྲིའི་དངོས་འབེབས་བྱ་བ་དམ་འཛིན་བྱེད་དགོས་ལ། སློབ་སྦྱོང་སློབ་གསོ་མུ་མཐུད་དུ་གོ་གནས་གལ་ཆེན་དུ་བཞག་སྟེ་མགོ་ཁོངས་རང་བཞིན་གྱི་གནད་དོན་ཐག་གཅོད་པར་ཡིད་འཇོག་བྱེད་པ་དང་། ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་གནད་དོན་ལ་ཞིབ་བཤེར་དང་ཡོ་བསྲང་བྱེད་པ་དང་དག་ཐེར་དང་བཅོས་སྒྱུར་བྱས་ནས། སློབ་གསོའི་དག་ཐེར་བྱ་བ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས་ཟེར།

གོ་ཧྲིན་ཁུན་གྱིས་བསྟན་དོན། བརྟན་འཇགས་ལུགས་མཐུན་དང་གོ་རིམ་ལྡན་པའི་སྒོ་ནས་ཉེན་རྟོག་ལས་བྱེད་པའི་ཁྲིམས་འགལ་ལུགས་འགལ་གནད་དོན་གྱི་ཞིབ་བཤེར་ཐག་གཅོད་བྱ་བར་སྐུལ་འདེད་བཏང་སྟེ། མང་ཚོགས་ལ་གནོད་འཚེ་བཟོ་མཁན་གཙང་སེལ་བྱེད་པ་དང་སྲིད་ཁྲིམས་དཔུང་སྡེ་ཡི་རྣམ་པ་བཟང་བོ་སྲུང་སྐྱོབ་བྱེད་དགོས། རང་འགུལ་སྒོས་རང་ཉིད་ཀྱིས་མང་ཚོགས་ལ་དོན་དངོས་བསྒྲུབ་པའི་ལག་ལེན་བྱ་འགུལ་རྩ་འཛུགས་དང་ལག་བསྟར་བྱས་ཏེ། མང་ཚོགས་ཀྱི་དཀའ་ངལ་སེལ་ཞིང་རེ་བ་སྐོང་བའི་བྱེ་བྲག་གནད་དོན་གཙོར་བཟུང་ནས་ཐག་གཅོད་དགོས། ཏང་གི་མགོ་ཁྲིད་དེ་སློབ་གསོའི་དག་ཐེར་གྱི་ཕྱོགས་ཡོངས་དང་བརྒྱུད་རིམས་ཡོངས་སུ་མཉམ་བསྲེས་བྱས་ཏེ། གཙོ་གཞིའི་འགན་འཁྲི་ལག་བསྟར་བྱེད་པ་དང་། ལྟ་རྟོག་མཛུབ་སྟོན་ནུས་པ་ཇེ་ཆེར་བཏང་ནས་ཕན་འབྲས་ངོ་མ་ཐོབ་པ་འགན་སྲུང་བྱེད་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།