ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས་མིའི་རིགས་དབུལ་ཐར་གྱི་ཀྲུང་གོའི་ལག་ལེན་ཞེས་པའི་རྒྱབ་ཤ་དཀར་པོའི་དཔེ་དེབ་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-04-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བཞི་བའི་ཚེས་དྲུག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས་མིའི་རིགས་དབུལ་ཐར་གྱི་ཀྲུང་གོའི་ལག་ལེན་ཞེས་པའི་རྒྱབ་ཤ་དཀར་པོའི་དཔེ་དེབ་འགྲེམ་སྤེལ་བྱས་པ་དང་མཉམ་དུ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ། རྒྱབ་ཤ་དཀར་པོའི་དཔེ་དེབ་མཚམས་སྦྱོར་དང་སྒྲོག་འགྲེལ་བྱས། རྒྱབ་ཤ་དཀར་པོའི་དཔེ་དེབ་ནང་དུ། ལོ་བརྒྱད་ལ་རྒྱུན་མཐུད་སྒོས་འབད་འཐབ་བྱས་པ་བརྒྱུད། རང་རྒྱལ་གྱི་དབུལ་ཐར་མཁྲེགས་གཏོར་འཐབ་ཇུས་ཕྱོགས་སུ་ཁྱོན་ཡོངས་ནས་རྒྱལ་ཁ་བླངས་ཞེས་བསྟན་ཡོད།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ཀྲུང་གོས་རྒྱུན་སྲོལ་ལས་བརྒལ་བའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་སྤྱད་པ་དང་། མིའི་རིགས་ཀྱི་ལོ་རྒྱུས་སྟེང་གཞི་ཁྱོན་ཧ་ཅང་ཆེ་ཞིང་ཤུགས་ཚད་ཆེས་མཐོ་བ་དང་ཕན་ཁེ་ཐོབ་པའི་མི་གྲངས་ཆེས་མང་བའི་དབུལ་ཐར་མཁྲེགས་གཏོར་འཐབ་ཇུས་ལག་བསྟར་བྱས་ཏེ་ཁྱོན་ཡོངས་ནས་རྒྱལ་ཁབ་བླངས།

རྒྱབ་ཤ་དཀར་པོའི་དཔེ་དེབ་ནང་དུ་བསྟན་དོན། དབུལ་ཐར་མཁྲེགས་གཏོར་འཐབ་ཇུས་ལག་བསྟར་བྱས་པ་བརྒྱུད། རང་རྒྱལ་གྱིས་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་དབུལ་ཕོངས་ཐམས་ཅད་རྩ་བ་ནས་དབུལ་ཐར་བྱས་པར་མ་ཟད། དབུལ་ཐར་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་སྒོས་མཐོར་འདེགས་སུ་བཏང་བ་དང་། དབུལ་ཐར་ས་ཁུལ་གྱི་རྗེས་ལུས་རྣམ་པ་རྩ་བ་ནས་ལེགས་སྒྱུར་བྱས་ཟེར།

རྒྱབ་ཤ་དཀར་པོའི་དཔེ་དེབ་ནང་དུ་བསྟན་དོན། དབུལ་ཐར་མཁྲེགས་གཏོར་འཐབ་ཇུས་ལག་བསྟར་བྱས་ཏེ་ཀྲུང་གོའི་ཞིང་སྡེ་ལེགས་སྒྱུར་བྱས་པར་ལོ་རྒྱུས་རང་བཞིན་དང་ཕྱོགས་ཡོངས་རང་བཞིན་ལྡན་ལ། ཀྲུང་གོའི་ཞིང་སྡེ་ཡི་རླབས་ཆེན་གསར་བརྗེ་ཐེངས་ཤིག་ཡིན་པས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་རྨང་གཞི་བརྟན་པོ་བཏིངས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།