ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དྲིལ་སྒྲོག་པུའུ་སོགས་སྡེ་ཁག་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི“ཕུལ་བྱུང་གར་སྟེགས་སྒྱུ་རྩལ་བརྩམས་ཆོས་འགྲེམ་སྟོན”སྒྲུབ་རྒྱུ་ཡིན་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-04-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུང་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་རིག་གནས་ཡུལ་སྐོར་པུའུ། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་བརྡ་སྦྱོར་བཏང་སྟེ། 2021ལོའི་ཟླ4པའི་ཚེས7ཉིན་མཉམ་དུ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི“ཕུལ་བྱུང་གར་སྟེགས་སྒྱུ་རྩལ་བརྩམས་ཆོས་འགྲེམ་སྟོན”སྒྲུབ་རྒྱུ་རེད།

འགྲེམ་སྟོན་སྟེང་རྒྱལ་ཡོངས་སུ་གསེད་འདེམས་བྱས་པའི་ཕུལ་བྱུང་གར་སྟེགས་སྒྱུ་རྩལ་བརྩམས་ཆོས140བསྡུ་རུབ་བྱས་ཡོད་ལ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་བརྗོད་དོན་འབུར་དུ་བཏོད་ཡོད་པ་དང་། འགྲེམ་སྟོན་བརྩམས་ཆོས་ནང་གླུ་གཞས་ཟློས་གར《གྲུ་དམར》དང་ཅིན་ཅི་ཟློས་གར《ལི་ཏ་ཀྲའོ》སོགས་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་གསར་རྩོམ་ལེ་ཚན་ཡོད་པ་མ་ཟད། གཏམ་བརྗོད་ཟློས་གར《དར་དམར་ཆུ་རྐ》དང་གླུ་གཞས་ཟློས་གར《དབྱི་མིང་རི་བོ》། ཞབས་བྲོ་ཟློས་གར《ནམ་ཡང་འཇགས་ཐབས་མེད་པའི་གློག་རླབས》སོགས་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི“ལྔ་ཅན་གཅིག་བཟོ་འགོད”བྱ་དགའ་དང་ཝིན་ཧྭ་བྱ་དགའ་ཐོབ་པའི་ཟློས་གར་ཡོད་ལ། གཞན་ཡང་ཅིན་ཅི་ཟློས་གར《སྒྲོན་དམར་གཏམ་རྒྱུད》དང་གླུ་གཞས་ཟློས་གར《སྐྲ་དཀར་བུ་མོ》། ཡུས་གར《ཁྲའོ་དབྱང་ལུང་པ》། པ་ལེ་ཞབས་བྲོ་ཟློས་གར《གསར་བརྗེའི་བུད་མེད་དམག་མི》སོགས་ཚང་མར་རྒྱུས་ལོན་ཆེ་བའི་ཟློས་གར་ལེ་ཚན་ཡང་ཡོད། གསར་བརྗེའི་ལོ་རྒྱུས་གལ་ཆེན་བརྗོད་དོན་ཡིན་པའི་བརྩམས་ཆོས་ཡོད་པ་མ་ཟད། དོན་དངོས་བརྗོད་གཞིར་བཟུང་བའི་ཕུལ་བྱུང་བརྩམས་ཆོས་ཡང་ཡོད་པས། ཟློས་གར་དང་གཏམ་བརྗོད་ཟློས་གར། གླུ་གཞས་ཟློས་གར། རོལ་དབྱངས་ཟློས་གར། པ་ལེ་ཞབས་བྲོ་ཟློས་གར། རྩལ་རྩེད་ཟློས་གར། མཉམ་སྒྲོག་རོལ་དབྱངས། མི་རིགས་འབུད་དཀྲོལ་རོལ་ཆ་སོགས་སྒྱུ་རྩལ་རྣམ་གྲངས་མང་པོ་ཡོད། ཟློས་གར་འདི་དག་ས་གནས་སུ་འགྲེམ་སྟོན་བྱེད་པའམ་ཡང་ན་ས་ཁུལ་བར་དུ་འཁོར་སྐྱོད་འགྲེམ་སྟོན་བྱ་རྒྱུ་ཡིན་པ་དང་། དེའི་ནང་བརྩམས་ཆོས50པེ་ཅིང་དུ་འགྲེམ་སྟོན་བྱ་རྒྱུ་རེད།

འགྲེམ་སྟོན་ལ་ད་རུང་དྲ་ཐོག་འགྲེམ་སྟོན་སྤེལ་རྒྱུ་ཡིན་ལ། སློབ་སྦྱོང་གིས་རྒྱལ་ཁབ་སྟོབས་ལྡན་དུ་བསྒྱུར་བའི་སློབ་སྦྱོང་སྟེགས་བུ་དང་། རིག་གནས་དང་ཡུལ་སྐོར་པུའུ་ཡི་དྲ་ཚིགས། ཀྲུང་གོ་རིག་རྩལ་དྲ་བ་དང་གཞན་པའི་བརྙན་རིས་དྲ་བ་སོགས་བརྒྱུད་སྒྲོག་སྟེགས་བུའི་སྟེང་བརྒྱུད་གཏོང་བྱ་རྒྱུ་ཡིན་པ་དང་།  དུས་མཚུངས་སུ་ལྟད་མོ་བ་དང་ཕན་ཚུན་བརྗེ་རེས་བྱེད་པའི་བྱ་འགུལ་སྤེལ་རྒྱུ་རེད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།