ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་བདེ་པུའུ་ཡི་བསྡོམས་རྩིས་བྱས་པ་ལྟར་ན། 2021ལོའི་ཟླ3པའི་བར་དུ། རྒྱལ་ཡོངས་སུ་འཕྲུལ་སྒུལ་འཁོར་ལོ་དུང་ཕྱུར3.78ཡོད་པ་དང་། དེའི་ནང་རླངས་འཁོར་དུང་ཕྱུར2.87ཡོད། འཕྲུལ་སྒུལ་འཁོར་ལོའི་ཁ་ལོ་བ་དུང་ཕྱུར4.63ཡོད་པ་དང་། དེའི་ནང་རླངས་འཁོར་ཁ་ལོ་བ་དུང་ཕྱུར4.25ཡོད། 2021ལོའི་དུས་ཚིགས་དང་པོར་རྒྱལ་ཡོངས་སུ་གསར་དུ་ཐོ་འགོད་བྱས་པའི་འཕྲུལ་སྒུལ་འཁོར་ལོ་ཁྲི966ཡོད་པ་དང་། གསར་དུ་ཁ་ལོ་བའི་ལག་འཁྱེར་བླངས་པའི་མི་ཁྲི839ཡོད།
དུས་ཚིགས་དང་པོར་གསར་དུ་ཐོ་འགོད་བྱས་པའི་འཕྲུལ་སྒུལ་འཁོར་ལོ་ཁྲི966ཡོད་པ་དེ་ན་ནིང་གི་དུས་མཉམ་དང་བསྡུར་ན་ཁྲི388.6ཇེ་མང་དུ་སོང་ཞིང་འཕར་ཚད67.31%ལ་སླེབས་པས། དུས་མཉམ་ལོ་རྒྱུས་ཀྱི་ཆེས་མཐོ་བསྐྲུན་ཡོད། འཕྲུལ་སྒུལ་རིགས་ཀྱི་ཐད་ནས། རླངས་འཁོར་གསར་དུ་ཐོ་འགོད་བྱས་པ་ཁྲི750དང་། སྦག་སྦག་འཁོར་ལོ་གསར་དུ་ཐོ་འགོད་བྱས་པ་ཁྲི203ཡོད་ལ། དེ་ན་ནིང་གི་དུས་མཉམ་ལས་སོ་སོར63.33%དང88.63%འཕར་ཡོད།
ཟླ3པའི་བར་དུ། རྒྱལ་ཡོངས་སུ་རླངས་འཁོར་ཁྲི100ལས་བརྒལ་བའི་གྲོང་ཁྱེར72ཡོད་པ་དང་། དེ་ན་ནིང་གི་དུས་མཉམ་ལས་གྲོང་ཁྱེར5ཇེ་མང་དུ་སོང་ཡོད། དེའི་ནང་རླངས་འཁོར་ཁྲི200ལས་བརྒལ་བའི་གྲོང་ཁྱེར33ཡོད་པ་དང་། རླངས་འཁོར་ཁྲི300ལས་བརྒལ་བའི་གྲོང་ཁྱེར16ཡོད།
ཟླ3པའི་བར་དུ། རྒྱལ་ཡོངས་སུ་འགྲུལ་སྐྱེལ་རླངས་འཁོར་དུང་ཕྱུར2.48ཡོད། དེའི་ནང་མི་སྒེར་གྱི་མིང་ཐོག་ནས་ཐོ་འགོད་བྱས་པའི་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས(སྒེར་འཁོར)དུང་ཕྱུར2.29ཡོད། ནུས་ཁུངས་གསར་བའི་རླངས་འཁོར་ཁྲི551ཡོད་པ་དང་། དུས་ཚིགས་དང་པོར་གསར་དུ་ཐོ་འགོད་བྱས་པ་ཁྲི46.6ཡོད། ནུས་ཁུངས་གསར་བའི་རླངས་འཁོར་ཐོ་འགོད་བྱེད་ཚད་ཀྱིས་གསར་དུ་ཐོ་འགོད་བྱས་པའི་རླངས་འཁོར་སྤྱི་འབོར་གྱི6.21%ཟིན་ཡོད། །