ཀྲུང་གོ་བོད་ཀྱི་དྲ་བ།

ནོར་སྲིད་པུའུ་ཡིས་ཞིང་ལས་ཐོན་སྐྱེད་དང་ཆུ་བེད་རྒུད་སྐྱོབ་མ་དངུལ་སྒོར་དུང་ཕྱུར12བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-04-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་མགོ་ཁྲིད་བློ་མཐུན་གྱི་འབྲེལ་ཡོད་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དངོས་འབེབས་བྱ་ཆེད། ནོར་སྲིད་པུའུ་ཡིས་ཞིང་ལས་ཞིང་སྡེ་པུའུ་དང་མཉམ་དུ་ནན་ཏན་གྱིས་ཞིབ་འཇུག་བྱས་ཏེ་ཧུར་ཐག་གིས་ཁ་གཏད་འཇལ་བ་དང་། ཟླ3པའི་ཚེས30ཉིན་ཀྲུང་དབྱང་ནོར་སྲིད་ཀྱི་ཞིང་ལས་ཐོན་སྐྱེད་དང་ཆུ་བེད་རྒུད་སྤྱོད་མ་དངུལ་སྒོར་དུང་ཕྱུར12རྩིས་སྤྲོད་བྱས།

གཅིག་ནས་ཆུ་བེད་རྒུད་སྐྱོབ་མ་དངུལ་སྒོར་དུང་ཕྱུར2བཏང་སྟེ། ཀྲེ་ཅང་དང་ཡུན་ནན། ཀོང་ཏུང་སོགས་ཞིང་ཆེན(ལྗོངས)6གིས་གནས་སྐབས་ཀྱི་ཐན་འགོག་ལྟག་ཆུ་འཛུགས་སྐྲུན་དང་། ཆུ་འདྲེན་སྒྲིག་ཆས་ཁ་སྣོན་བྱེད་པ། ཐན་འགོག་འགན་སྲུང་ནུས་པར་ཤུགས་སྣོན་པ་བཅས་ཀྱི་བྱ་བ་ལེགས་པོར་སྒྲུབ་ཏེ། ཐན་སྐྱོན་གྱི་དབང་གིས་ཆུ་འཐུང་དཀའ་བའི་གནད་དོན་ཐག་གཅོད་བྱ་རྒྱུ་རེད། གཉིས་ནས་ཞིང་ལས་ཐོན་སྐྱེད་རྒུད་སྐྱོབ་མ་དངུལ་སྒོར་དུང་ཕྱུར10བཀོད་སྒྲིག་བྱས་ཏེ། ཧི་པེ་དང་ཨན་ཧྭེ། ཧི་ནན་སོགས་ཞིང་ཆེན(ལྗོངས་དང་གྲོང་ཁྱེར)30ཡིས་ལོ་ཏོག་གི་ནད་འབུའི་གནོད་སྐྱོན་ཚབས་ཆེན་ཚོད་འཛིན་བྱེད་པར་མཁོ་བའི་ཞིང་སྨན་དང་སྨན་གཏོར་ཡོ་བྱད་སོགས་ཀྱི་དངོས་རྫས་ཉོ་སྒྲུབ་དང་། སྐྱེ་དངོས་ཀྱི་འགོག་བཅོས་དང་སྐྱེ་ཁམས་ཚོད་འཛིན། རྫས་འགྱུར་འཕྲལ་བསྟུན་འགོག་བཅོས་ཁྱབ་གདལ་དུ་གཏོང་བ། ལོ་ཏོག་གི་ནས་འབུའི་གནོད་སྐྱོན་ཚབས་ཆེན་གྱི་སྔོན་འགོག་སོགས་ཀྱི་འབྲེལ་ཡོད་བྱ་བར་ལེགས་པོར་སྒྲུབ་ཏེ། ནུས་ཤུགས་ཡོད་རྒུས་ཞིང་ལས་ཐོན་སྐྱེད་བརྟན་བརླིང་དུ་གཏོང་བ་དང་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་འགན་སྲུང་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།