ཀྲུང་གོ་བོད་ཀྱི་དྲ་བ།

ད་ལོའི་ཟླ3པར་རྒྱལ་ཡོངས་ནས་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་གྱི་ཐེར་འདོན་གོང་ཞུ་ཁྲི1080.4ལ་བདག་སྤྲོད་བྱས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-04-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང(རྒྱལ་ཁབ་དྲ་སྦྲེལ་ཆ་འཕྲིན་གཞུང་ལས་ཁང)ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ལྟེ་གནས་ནས་ཤེས་རྟོགས་བྱུང་བ་ལྟར་ན། ད་ལོའི་ཟླ3པར་རྒྱལ་ཡོངས་ཀྱི་རིམ་པ་སོ་སོའི་དྲ་རྒྱའི་ཐེར་འདོན་གོང་ཞུ་སྡེ་ཚན་གྱིས་ཐེར་འདོན་གོང་ཞུ་ཁྲི1080.4བདག་སྤྲོད་བྱས་པ་དེ་ཟླ་སྔོན་མ་དང་བསྡུར་ན9.7%འཕར་བ་དང་ལོ་སྔོན་མའི་དུས་མཉམ་ལས27.1%མར་ཆག

བསྡོམས་རྩིས་ལྟར་ན། དེའི་ནང་ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང(རྒྱལ་ཁབ་དྲ་སྦྲེལ་ཆ་འཕྲིན་གཞུང་ལས་ཁང)གིས་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་གོང་ཞུ་ལྟེ་གནས་ཀྱིས་ཐེར་འདོན་གོང་ཞུ་ཁྲི17.2དང་། ས་གནས་ཁག་གི་དྲ་འཕྲིན་གཞུང་ལས་ཁང་གིས་ཐེར་འདོན་གོང་ཞུ་ཁྲི106.1། རྒྱལ་ཡོངས་ཀྱི་དྲ་ཚིགས་གཙོ་བོས་ཐེར་འདོན་གོང་ཞུ་ཁྲི957.1བཅས་བདག་སྤྲོད་བྱས་པ་རེད། རྒྱལ་ཡོངས་ཀྱི་དྲ་ཚིགས་གཙོ་བོས་བདག་སྤྲོད་བྱས་པའི་ཐེར་འདོན་ཁྲོད་པོད་ཕྲན་དང་པའེ་ཏུའུ། ཏིག་པེན། མགྱོགས་འཕྲིན། ཨ་ལི་པ་པ། ཐེང་ཞོན། ཀྲི་ཧུའུ། ཞིན་ལང་། ཕིན་ཏུའོ་ཏུའོ་སོགས་ཚོང་ལས་དྲ་ཚིགས་གཙོ་བོས་བདག་སྤྲོད་བྱེད་ཚད87.7%ཟིན་ཞིང་ཐེར་འདོན་གོང་ཞུ་ཁྲི839.5ཟིན།

ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང(རྒྱལ་ཁབ་དྲ་སྦྲེལ་ཆ་འཕྲིན་གཞུང་ལས་ཁང)ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ལྟེ་གནས་ཀྱིས་རིམ་པ་སོ་སོའི་དྲ་སྦྲེལ་ཆ་འཕྲིན་སྡེ་ཚན་གྱི་མཛུབ་ཁྲིད་འོག་མིག་སྔར་རྒྱལ་ཡོངས་ཀྱི་དྲ་ཚིགས་གཙོ་བོ་ཁག་གིས་མུ་མཐུད་དུ་ཐེར་འདོན་ཐབས་ལམ་དང་དྲ་དམངས་ཀྱི་ཐེར་འདོན་ལ་བདག་སྤྲོད་དང་ཐག་གཅོད་བྱེད་མུས་ཡིན་ལ། རྒྱ་ཆེའི་དྲ་དམངས་ཀྱིས་ཧུར་ཐག་སྒོས་ཐེར་འདོན་ཁ་པར12377དང“དྲ་རྒྱའི་ཐེར་འདོན”སྤྱོད་སྣེ་སོགས་བརྒྱུད་དེ་དྲ་རྒྱའི་ཕྱོགས་བསྡུས་བཅོས་སྐྱོང་ནང་ཞུགས་ཅི་ཐུབ་བྱས་ནས་ཐུན་མོང་ཐོག་སྤྱོད་གཙང་དྲ་རྒྱའི་བར་མཐོངས་སྲུང་སྐྱོང་བྱ་དགོས་ཞེས་བསྟན། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།