ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་མཚོ་དམག་གིས་འཁྲབ་སྦྱོང་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-04-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཚོ་དམག་གི་གསར་འགྱུར་མགྲིན་ཚབ་པ་ཀའོ་ཞིག་ཁྲིན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། ཉེ་སྔོན་ཀྲུང་གོའི་མཚོ་དམག་གིས་ལའོ་ཉིན་རྟགས་ཅན་གྱི་མཚོ་གྲུ་དང་གནམ་གྲུ་འབབ་སའི་གྲུ་གཟིངས་ཀྱིས་གྲུབ་པའི་དམག་གྲུ་ཐའེ་ཝན་ཉེ་འཁོར་གྱི་མཚོ་ཁོངས་སུ་འཁྲབ་སྦྱོང་བྱས། འདི་ནི་ལོ་འཁོར་བྱ་བའི་འཆར་གཞི་ལྟར་རྩ་འཛུགས་བྱས་པའི་འཆར་ཅན་རང་བཞིན་གྱི་འཁྲབ་སྦྱོང་ཐེངས་ཤིག་ཡིན། ཐེངས་འདིའི་འཁྲབ་སྦྱོང་གི་དམིགས་ཡུལ་ནི་དམག་དཔུང་གི་འཁྲབ་སྦྱོང་ནུས་པར་ཞིབ་བཤེར་བྱས་ཏེ་རྒྱལ་ཁབ་ཀྱི་བདག་དབང་སྲུང་སྐྱོང་དང་བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་ནུས་པ་མཐོར་འདེགས་སུ་གཏོང་ཆེད་ཡིན་ལ། རྗེས་ཕྱོགས་ཀྱང་ཀྲུང་གོའི་མཚོ་དམག་གིས་འཆར་གཞི་ལྟར་རྒྱུན་རྣམ་ཅན་གྱི་འཁྲབ་སྦྱོང་བྱ་འགུལ་འདི་འདྲ་སྤེལ་རྩིས་ཡོད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།