ཀྲུང་གོ་བོད་ཀྱི་དྲ་བ།

གྲོང་ཁྱེར་གྱི་ཆུ་འབུད་དང་ཆུ་ལོག་སྔོན་འགོག་བྱ་བ་ལེགས་པོར་སྒྲུབ་ཏེ་འགན་འཁྲིའི་ལྟ་སྐུལ་དོ་དམ་དོན་འཁྱོལ་བྱེད་དགོས།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-04-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས5ཉིན་སྡོད་ཁང་དང་གྲོང་ཁྱེར་འཛུགས་སྐྲུན་པུའུ་ནས་ཤེས་གསལ་བྱུང་བ་ལྟར་ན། སྡེ་ཁག་དེས་རིམས་ནད་རྒྱུན་རྣམ་ཅན་གྱི་འགོག་བཅོས་ཚོད་འཛིན་ལ་སྐུལ་འདེད་གཏོང་བའི་དུས་མཚུངས་སུ། 2021ལོའི་གྲོང་ཁྱེར་གྱི་ཆུ་འབུད་དང་ཆུ་ལོག་འགོག་བཅོས་བྱ་བ་ལེགས་པོར་སྒྲུབ་དགོས་པའི་བླང་བྱ་བཏོན།

སྡོད་ཁང་དང་གྲོང་ཁྱེར་འཛུགས་སྐྲུན་པུའུ་ཡིས་ཉེ་ཆར་བརྡ་སྦྱོར་ཁྱབ་བསྒྲགས་བྱས་ཏེ། ཞིང་ཆེན་རིམ་པའི་སྡོད་ཁང་དང་གྲོང་ཁྱེར་འཛུགས་སྐྲུན་དོ་དམ་སྡེ་ཁག་གིས་སྟེས་དབང་གི་བསམ་ཚུལ་གཏན་འགོག་བྱས་ཏེ། བློ་གཅིག་སེམས་གཅིག་གིས་ཆུ་ལོག་འགོག་བཅོས་ལ་ཤུགས་བསྣོན་དང་། ཆར་བ་འབབ་པའི་ཐལ་སྤྱོད་འདུ་ཤེས་འགོག་བཅོས་ཤུགས་བསྣན་ནས། ས་གནས་དེའི་གྲོང་ཁྱེར་གྱིས《སྡོད་ཁང་དང་གྲོང་ཁྱེར་འཛུགས་སྐྲུན་པུའུ་ཡིས2021ལོའི་རྒྱལ་ཡོངས་གྲོང་ཁྱེར་གྱི་ཆུ་འབུད་དང་ཆུ་ལོག་འགོག་བཅོས་བདེ་འཇགས་དང་ཆུ་ལོག་རྒྱུགས་སླ་བའི་འགན་འཁྲི་མི་སྣའི་མིང་ཐོའི་བརྡ་སྦྱོར》དོན་འཁྱོལ་བྱེད་པའི་བླང་བྱ་ལྟར། བྱ་བའི་འགན་འཁྲི་དོན་འཁྱོལ་བྱེད་པ་དེ་ལས་རྐང་བྱེ་བྲག་དང་མི་སྒེར་གྱི་སྟེང་དུ་རིམ་བཞིན་དོན་འཁྱོལ་བྱས་ནས། འགན་འཁྲིའི་ལྟ་སྐུལ་དོ་དམ་གྱི་སྟོང་ཆ་མེད་པར་བཟོ་དགོས་པར་བསྟན།

བརྡ་སྦྱོར་ལས། གྲོང་ཁྱེར་གྱི་ཆུ་འབུད་དོ་དམ་སྡེ་ཁག་གིས་ཁྱོན་ཡོངས་ནས་གྲོང་ཁྱེར་ནང་ཁུལ་གྱི་ཆུ་ལོག་དང་ཆུའི་ཉེན་ཁ་རྩད་ཞིབ་བྱ་བར་མཛུབ་སྟོན་བྱས་ནས། རྩིས་ཐོ་སྒྲིག་འཛུགས་དང་། ཆུ་ལོག་སྔོན་གྱི་ལེགས་བཅོས་གནད་དུ་ཐིངས་པར་བརྩོན་ལེན་བྱེད་པ་དང་། ཆུ་ལོག་སྔོན་གྱི་ལེགས་བཅོས་གནད་དུ་ཐིངས་དཀའ་བར་ཆེད་དུ་བྱ་ཐབས་སྒྲིག་བཟོ་བྱེད་པ་དང་། བདེ་འཇགས་དོན་རྐྱེན་ལ་འགོག་བཅོས་དང་ལས་བཟོའི་བདེ་འཇགས་དོ་དམ་ལ་ཤུགས་བསྣན་ཏེ། ས་གནས་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་བླང་བྱ་ལྟར། སྒྲིག་ཆས་ཞིག་གསོ་དང་བདག་སྐྱོང་ལས་གཉེར་མི་སྣའི་འཕྲོད་བསྟེན་བདེ་ཐང་འགོག་སྲུང་བྱ་བ་ལེགས་པོར་སྒྲུབ་དགོས་པའི་བླང་བྱ་བཏོན།   །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།