ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཆེས་གསར་བའི་རིམས་ནད་ཀྱི་གནས་ཚུལ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-04-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཟླ་བཞི་པའི་ཚེས་བཞི་ཉིན་ཁྱབ་བསྒྲགས་བྱས་དོན།  ཟླ་བཞི་པའི་ཚེས་གསུམ་ཉིན་གྱི་དུས་ཚོད་ཉེར་བཞིའི་རིང་ལ། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་སོ་གཅིག་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་བཅས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་ཉེར་གཅིག་ཇེ་མང་དུ་སོང་བ་ཡར་ཞུ་བྱས་པ་དང་།  དེའི་ནང་དུ་ཕྱི་ནས་མཆེད་པའི་ནད་པ་བཅུ་གཅིག་ཡོད་ལ། ས་གནས་རང་གི་ནད་པ་བཅུ་ཡོད།

གསར་དུ་ཁ་སྣོན་བྱས་པའི་འབྲེལ་འདྲིས་མཁན་བཅོ་བརྒྱད་ལ་གསོ་རིག་ཐད་ནས་བརྟག་དཔྱད་བྱས་རྗེས་རིམས་ནད་འགོས་མེད་པར་ཐག་བཅད་ཅིང་།  དེའི་ནང་དུ་ཕྱི་ནས་མཆེད་པའི་ནད་པ་བཅུ་བདུན་དང་ས་གནས་རང་གི་ནད་པ་གཅིག་ཡོད། ཟླ་བཞི་པའི་ཚེས་གསུམ་ཉིན་གྱི་དུས་ཚོད་ཉེར་བཞིའི་རིང་ལ། ད་ལྟ་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་ཉིས་བརྒྱ་དང་བཅོ་ལྔར་སླེབས་པ་དང་། ས་གནས་སོ་སོས་བསྡོམས་པས་པྲོག་དབྱིབས་ནད་དུག་གི་འགོག་སྨན་བརྒྱབ་པའི་མི་གྲངས་དུང་ཕྱུར་གཅིག་དང་བྱེ་བ་གསུམ་ས་ཡ་དྲུག་འབུམ་དྲུག་ཁྲི་བདུན་ལྷག་ལ་སླེབས།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།